ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.04.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ4པའི་ཚེས2ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་དོན་དག་ཁག་ལ་ཉན་པ་དང་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་ཟླ3པའི་ཚེས9ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་ནས་འགོ་འཛིན་མཛད་དེ་བསྡུས་པའི་དུས་རབས་གསར་བར་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན། ཧུའུ་ནན་ནས་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་དགོས་ཤིང་། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐད་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར་སྲིད་གྲོས་བྱ་བ་འཆར་འགོད་དང་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཏང་ཙུའུ་ཡི2024ལོའི་བྱ་བ་གཙོ་བོ་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བ་གཙོ་བོ། 2024ལོའི་ཞིང་ཆེན་སྲིད་གྲོས་ཀྱི་གཞུང་ལུགས་སློབ་སྦྱོང་གི་ལག་བསྟར་ཇུས་གཞི། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མིས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་་དང་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱ་བའི་དགོངས་སྐོར་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་གཙོ་བོ་འདེམ་སྒྲུག་གནས་ཚུལ་སོགས་ཀྱི་སྙན་ཞུར་ཉན་ལ། ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། གྲོས་དོན་དང་པོའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྡུད་བྱས་ཏེ། མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཏང་གིས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་རྩ་འཛུགས་ནུས་པ་དང་གསར་དར་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཏང་མང་མཉམ་ལས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གྲོས་མོལ་དམངས་གཙོ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ལོ་འཁོར་གྱི་གྲོས་མོལ་སྲིད་གླེང་གི་གནད་དོན་གལ་ཆེན་ལ་དམིགས་ནས། བྱ་བའི་གཅིག་གྱུར་གྱིས་ཤུགས་སྣོན་པ་དང་། རང་འགུལ་གྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ། བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་བ་དང་། བྱ་བའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། སྲིད་དོན་ལ་གྲོས་གཞི་འདོན་པ་དང་ཐུན་མོང་འདུ་ཤེས་གཅིག་བསྡུས་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། རྣམ་པའི་རིང་ལུགས་ལ་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དངོས་གཉེར་སྤྱོད་ཚུལ་གྱིས་འགན་སྒྲུབ་བྱེད་སྒོ་སྣ་ཚོགས་ནུས་མཐོའི་ངང་སྤེལ་བར་འགན་སྲུང་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞའེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།