ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་གཏན་འཇགས་ཡོང་བའི་འཐབ་ཇུས་ས་གནས་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ཐད་ནས་བལྟ་བ་དང་ཆབ་སྲིད་ཐད་ནས་གོ་བ་ལེན་པ་རྒྱུན་འཁྱོངས་སྒོས་ཐོག་མཐའ་བར་གསུམ་དུ་མི་རིགས་ཆོས་ལུགས་བྱ་བ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་བཞག་སྟེ་འཆར་འགོད་དང་སྐུལ་འདེད་བཏང་ནས། བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ཁག་ཁུར་ནན་མོ་བྱེད་དགོས། ཟོལ་མེད་ཀྱིས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པའི་གཙོ་ཐིག་དེར་དམ་པོར་དམིགས་ཤིང་། ཉམས་མྱོང་སྤྱི་བསྡོམས་དང་དཔེ་སྟོན་ལམ་སྟོན། དཔེ་སྟོན་སྐུལ་ཁྲིད་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལག་ལེན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འཆམ་མཐུན་གྱི་དགོན་སྡེ་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་བྱ་བའི་གྲུབ་འབྲས་བླངས་ནས་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་སྒུག་དོན་སྨིན་ཡོང་བར་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བར་དབུས་ཕྱོགས་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་ཧུའུ་ནན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཁུལ་ཁོངས་གཅིག་ལ་འཆར་འགོད་བྱེད་པ་དེ་ཁྱོན་ཡོངས་ལ་འབྲེལ་བ་དང་། རྒྱལ་ཡོངས་སུ་ཁྱད་སྟོབས་ཁ་གསབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བར་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ་དང་སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་དམ་འཛིན་བྱས་ཤིང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཁྱད་སྟོབས་ལ་རྐང་འཛུགས་པ་དང་སྒུལ་ཤུགས་གསར་བའི་འཕེལ་རྒྱས་འཐབ་ཇུས་མྱུར་མོར་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡུལ་བབ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་བསྐྱེད་པ་དང་འཕེལ་རྒྱས་སུ་བཏང་ནས། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་སོགས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་དགོས། ཧུར་ཐག་སྒོས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཞུགས་པ་དང་། རང་འགུལ་གྱིས་དབུས་ཕྱོགས་ས་ཁུལ་གྱི་དར་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ་གཙོར་བཟུང་ནས། འགྲན་རྩོད་ནུས་པ་ངེས་ཅན་ལྡན་པའི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མྱུར་མོར་བསྐྱེད་པ་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

གྲོས་ཚོགས་སྟེང་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་སྣ་ཚོགས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཞབས་ཞུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། སྤུས་ཚད་མཐོ་བའི་སྲིད་འཛིན་ཁྲིམས་བསྟར་གྱིས་ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་རིགས་སོ་སོའི་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། སྤུས་ཚད་མཐོ་བའི་བཅའ་ཁྲིམས་ཁྱབ་གདལ་གྱིས་ཁྲིམས་སྲུང་ཁྲིམས་སྦྱོང་ཁྲིམས་བཀོལ་བཅས་ཀྱི་སྤྱི་ཚོགས་དར་སྲོལ་བཟང་བོ་བསྐྲུན་པ་བཅས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དཔྱད་ཞིབ་དམིགས་ཚད་མ་ལག་ལེགས་སྒྱུར་བྱེད་པ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔྱད་ཞིབ་ཀྱིས་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ་དང་བྱ་བའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ། ལེགས་བཅོས་བྱ་བར་སྐུལ་འདེད་བཏང་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཉིས་སྟོང་ཉེར་བཞི་ལོའི་ཆབ་སྲིད་གྲོས་མོལ་གྲོས་གཞིའི་བཀོད་སྒྲིག་འཆར་གཞི་དང་ཉིས་སྟོང་ཉེར་བཞི་ལོའི་དམངས་གཙོ་ཏང་ཁག་སོ་སོ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་རྟོག་ཞིབ་གྲོས་གཞི་གཙོ་བོའི་བཀོད་སྒྲིག་འཆར་གཞི་ལ་རྩ་དོན་སྟེང་གྲོས་མཐུན་བྱུང་། གྲོས་ཚོགས་སྟེང་བསྟན་དོན། མིག་སྔར་མཚོ་སྔོན་གྱིས་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་བསུ་བཞིན་ཡོད་ཅིང་། དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུས་ཏེ། སྲིད་གྲོས་དང་དམངས་གཙོ་ཏང་ཁག་སོ་སོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རིན་ཐང་ལྡན་ཞིང་སྤོ་སྒྱུར་བྱེད་ཐུབ་པའི་བློ་འདོན་ཇུས་འབུལ་གྱི་གྲུབ་འབྲས་སྐོར་ཞིག་ཆགས་པར་བྱེད་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་བཅས་ཀྱིས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། མཉམ་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་པེ་ཅིང་དུ་སོང་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ། ཀྲུང་དབྱང་གི་ཁེ་ལས་ལས་ཁུངས་བཅས་སུ་ལྟ་སྐོར་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་མཚམས་སྦྱོར་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། རང་འགུལ་གྱིས་སྙན་ཞུ་སྦྲེལ་མཐུད་བྱེད་པ་དང་། ཞབས་ཞུར་འགན་སྲུང་གང་ལེགས་བྱས་ནས། རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ལ་མྱུར་མོར་སྐུལ་འདེད་གཏོང་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་དང་ལས་བྱེད་པའི་དཔུང་སྡེ་ལ་དོ་དམ་བཟང་བོ་བྱས་ནས། རྒྱུན་ཆད་མེད་པར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།