ཝུའུ་ཞའོ་ཅུན་གྱིས་ལའོ་ཝའོ་ཝན་ཞང་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ཧྲ་ཕང་ཐུང་ཞི་ཕན་ཏོན་ལ་ཐུག་འཕྲད་བྱས།
2024.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ལའོ་ཝའོ་ཝན་ཞང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཨ་ཧྲ་ཕང་ཐུང་ཞི་ཕན་ཏོན་སོགས་་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཨ་ཧྲ་ཕང་ཐུང་ཞི་ཕན་ཏོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས།

ཁོས་བཤད་རྒྱུར། ཝན་ཞང་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་ནི་རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཆུ་ལ་བརྟེན་ནས་གཞི་ཆགས་ཤིང་ཆུའི་དབང་གིས་ལས་འབྲེལ་བྱུང་བ་དང་། ཅཱ་དང་ཚྭའི་དབང་གིས་འབྲེལ་འདྲིས་བྱུང་། ཕྱོགས་གཉིས་ཀྱི་འགྲོ་འོང་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་མཉམ་ལས་གྲུབ་འབྲས་མངོན་གསལ་ལྡན། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་བཞིན་ཡོད་ཅིང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་དང་ཐོན་ལས་ཀྱི་གནས་གཞི་མྱུར་མོར་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ས་ཁུལ་གཉིས་ཀྱི་མཉམ་ལས་མདུན་ལྗོངས་རྒྱ་ཆེ་བ་དང་སྦས་ཤུགས་ཆེན་པོ་ཡོད། མུ་མཐུད་དུ་ཅཱ་དང་ཚྭ་སྔོག་འདོན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། མངའ་ཁོངས་བརྒལ་བའི་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དུས་རབས་གསར་བའི་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་བའི་རེ་བ་ཡོད་ཟེར།

ཨ་ཧྲ་ཕང་ཐུང་ཞི་ཕན་ཏོན་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་གནས་བབ་གསར་བར་གཟེངས་བསྟོད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་དམིགས་ནས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པར་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཟེར།

ལིའུ་ཁྲའོ་དང་ཝང་ཧེ་ཧུང་ཐུག་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།