ཝང་དབྱི་ཡིས་ཏིས་ཝུན་ཤར་མའི་ཕྱི་འབྲེལ་པུའུ་ཀྲང་པུན་ཏིས་ཐོ་དང་གྲོས་མོལ་བྱས།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཀོང་ཞི་རུ་ཏིས་ཝུན་ཤར་མའི་ཕྱི་འབྲེལ་པུའུ་ཀྲང་པུན་ཏིས་ཐོ་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་ན་ནིང་གི་ཟླ9པའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཞ་ནཱ་ནཱ་དང་ལྷན་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་པ་ཁྱབ་སྒྲོག་གནང་ནས། ཕྱོགས་གཉིས་ཀའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཏིས་ཝུན་ཤར་མའི་དགོས་མཁོར་དམིགས་ཏེ། ཐོན་ལས་དར་རྒྱས་དང་རྨང་གཞིའི་འཛུགས་སྐྲུན་འཕེལ་རྒྱས། འབྲུ་རིགས་རང་སྟོབས་རང་སྤེལ། དམངས་ཚིས་ལེགས་བཅོས་བཅས་ཁྱབ་ཁོངས་ཆེན་པོ་བཞི་ལ་དམ་པོར་དམིགས་ནས། དངོས་སྒྲུབ་མཉམ་ལས་ཀྱི་དགེ་མཚན་འབུར་ཐོན་ཅན་བསྐྲུན་འདོད་ཡོད་ཅེས་བསྟན།

པུན་ཏིས་ཐོ་ཡིས་ཏིས་ཝུན་ཤར་མས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཐད་རྩེ་གཅིག་ཏུ་འབད་དེ། ཀྲུང་གོས་སྒེར་སེམས་ཅི་ཡང་མེད་པའི་སྒོ་ནས་ཏིས་ཝུན་ཤར་མ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་གང་ལེགས་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཏུ། ལས་གཞི་སྔར་ལས་གང་མང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།