ཝང་དབྱི་ཡིས་ཡོ་ནན་གྱི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིན་ཧྲན་དང་གྲོས་མོལ་བྱས།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཀོང་ཞི་རུ། ཡོ་ནན་གྱི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིན་ཧྲན་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་ན་ནིང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་སྒྲོག་གནང་ནས། “ཀྲུང་གོ་དང་ཡོ་ནན་བར་མཛའ་བརྩེ་ཟབ་མོ་ལྡན་པ་དང་བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”དུས་རབས་གསར་པའི་ནང་སྙིང་བསྣན་ཡོད། ད་ལོ་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལས་དོན་ཐད་འགོ་ཡག་པོ་བརྩམས་ཡོད། ཕྱོགས་གཉིས་ཀས“སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཕེ་ཆིན་ཧྲན་གྱིས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་དང་ཁྱབ་རྒྱ་ཆེ་བ། ཟབ་མོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་བར་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་ལ་འཆར་འགོད་བྱེད་རྒྱུ་དང་། ཏང་གཉིས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ། ཡོ་ནན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་དྲིལ་སྒྲོག་གང་ལེགས་བྱེད་པ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡག་པོ་བསྐྲུན་པ་བཅས་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།