ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཝང་ཞའོ་ཧུང་ལ་ཐུག་འཕྲད་བྱས།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ4པའི་ཚེས5ཉིན།   ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཏུའུ་ཧྲང་པའེ་ནས་རྒྱལ་སྲིད་ཨུ་ཡོན།   སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་ལ་ཐུག་འཕྲད་བྱས།

ཝང་ཞའོ་ཧུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཧི་མིན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས།    ཁོས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།  ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་བྱས་པ་དང་།    ཆབ་སྲིད་ཡིད་རྟོན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཞིང་།   རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་པའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ཐད་ནུས་ཡོད་སྒོས་ཡར་སྐུལ་བྱས།     ན་ནིང་གི་ཟླ5པར།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་དང་སྐྱིད་སྡུག་མཉམ་མྱོང་།  གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་སླེབས་པར་བྱས་ཞེས་བསྟན།

ཝང་ཞའོ་ཧུང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་།    འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ་ལག་བསྟར་ནན་མོ་བྱེད་པ།   སྔར་ལས་དངོས་གཉེར་ནུས་ཡོད་ཀྱི་བྱེད་ཐབས་མང་པོ་སྤྱོད་པ།    ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པར་སྔར་ལས་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་འདོད་ཡོད་ཅེས་བསྟན།

ལཱ་ཧི་མིན་གྱིས་ཝང་ཞའོ་ཧུང་གིས་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱ་རྒྱུའི་རེ་ཞུ་བྱས་པ་དང་།   ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་།  རྒྱལ་ཁབ་གཉིས་ཀྱིས་ཁྲིམས་འཛིན་སྡེ་ཁག་གིས་ཆུ་ཚད་མཐོ་བའི་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

འཚམས་འདྲིའི་སྐབས་སུ།  ཝང་ཞའོ་ཧུང་གིས་ད་རུང་ཐཱ་ཅི་ཁི་སི་ཐན་གྱི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཱ་ཧི་མུའུ་ཏི་ཙའོ་ཏ་དང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡཱ་ཅི་མའོ་ཧྥུའུ།  ནང་སྲིད་པུའུ་ཡི་པུའུ་ཀྲང་ལཱ་ཞི་མུའུ་ཙའོ་ཏ་བཅས་ལ་ཐུག་འཕྲད་བྱས་པར་མ་ཟད།  འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད།

ལྷ་མོ་ཚེ་རིང་གིས་བསྒྱུར།