ལིས་ཞི་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས།
2024.04.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཞི་ཚེས8ཉིན་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ད་ལོའི་སྐོར་ཞིབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། དཔལ་འབྱོར་ལས་དོན་སྡེ་ཁག་དང་དངུལ་རྩའི་ལས་ཁུངས་ལ་སྐོར་ཞིབ་བྱེད་པར་བཀོད་སྒྲིག་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། གསར་དུ་བཟོ་བཅོས་བྱས་པའི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ནས་སྐོར་ཞིབ་བྱ་བ་སྔར་ལས་ཡག་པོར་སྒྲུབ་དགོས་ཞེས་བསྟན།

ལིས་ཞི་ཡིས་བསྟན་དོན། ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་ནི་ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་སྐོར་ཞིབ་གནས་ཐིག་གཏན་ཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱུན་མཐུད་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས། ཁྲིམས་ལྟར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐོར་ཞིབ་བྱ་བའི་སྤུས་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས།

ལིས་ཞི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་སྐོར་ཞིབ་ནི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལ་གསར་དུ་བཟོ་བཅོས་བརྒྱབ་རྗེས་ཀྱི་སྐོར་ཞིབ་བྱེད་ཐེངས་དང་པོ་ཡིན་པས། སྐོར་ཞིབ་ཀྱི་གཙོ་གནད་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་འགན་ནུས་དང་འགན་འཁྲི་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པ། སྒྱུར་བཅོས་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐོར་ཞིབ་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་ལ་བརྟེན་ནས་གནད་དོན་དག་ཐེར་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་འཛུགས་འགོ་ཁྲིད་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་གཟབ་ནན་དུ་བཏང་ནས་སྐོར་ཞིབ་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱ་རྒྱུར་འགན་ལེན་བྱེད་དགོས།

ལིས་ཀན་ཅེ་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོར་དབང་ཆ་སྤྲད་ནས་ལས་འགན་འཁུར་བ་དང་ལས་འགན་ཁག་བགོས་གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཅིན་གོ་ཡིས་ཚོགས་འདུར་འགོ་འཛིན་བྱས། 

ཤ་བོ་གསེར་མཚོས་བསྒྱུར།