ཟླ4པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧྥ་རན་སིའི་མེ་ལིས་ཨའེ་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་མེ་ལིས་ཨའེ་བཟའ་ཟླ་གཉིས་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧྥ་རན་སིའི་མེ་ལིས་ཨའེ་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་མེ་ལིས་ཨའེ་བཟའ་ཟླ་གཉིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་མེ་ལིས་ཨའེ་བཟའ་ཟླ་གཉིས་དང་མེ་ལིས་ཨའེ་ཐེབས་རྩ་ཚོགས་པས་དུས་ཡུན་རིང་པོར་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བསྟོད་བསྔགས་བྱས།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་ནས། མིག་སྔའི་འཛམ་གླིང་འདི་ཉིད་ཟང་ཟིང་གི་དུས་སྐབས་སུ་སླེབས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སོགས་འཕྲོད་བསྟེན་བདེ་ཐང་གི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པར་མ་ཟད། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ས་གནས་སོ་སོའི་འཁྲུག་རྩོད་ལའང་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་རྣམ་ཀུན་ཏུ་ཞི་བདེ་དགོས་པ་ལས་དམག་འཁྲུག་མི་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད་པ་དང་། དམག་འཁྲུག་རྒྱག་མཚམས་བཞག་ནས་འཆམ་མཐུན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ནས་རེ་འབོད་བྱེད་ཀྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན། ལོ་ངོ་དྲུག་ཅུའི་རིང་ལ། མི་རབས་དུ་མས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བའི་དབང་གིས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ལ་མཐོང་ཆེན་བྱས་ནས། ཧྥ་རན་སིའི་བར་གྱི་མཐོ་རིམ་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་བརྗེ་རེས་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། དུས་ཡུན་རིང་པོར་རྒྱལ་ཁབ་གཉིས་ཀས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་མཉམ་ལས་རབ་དང་རིམ་པ་བྱས་པར་གྲུབ་འབྲས་གང་ལེགས་ཐོབ་ཡོད། མེ་ལིས་ཨའེ་ཐེབས་རྩ་ཚོགས་པས་ཀྲུང་གོའི་བར་མུ་མཐུད་མཉམ་ལས་དམ་ཟབ་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན་ཞེས་ནན་གྱིས་གསུངས།
མེ་ལ་ཨའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱ་བའི་བྲེལ་ཟིང་གི་བར་ནས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ། གནད་འདིའི་སྟེང་ནས་ཧྥ་རན་སིའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་གང་ལེགས་ངང་མཚོན་ཐུབ་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་དང་ཀྲུང་གོའི་བར་ལོ་ཞེ་དྲུག་གི་སྔོན་ལ་ཕན་ཚུན་འགྲོ་འོང་དང་མཛའ་བརྩེ་ཟབ་མོ་ཆགས་ཡོད། ལོ་ངོ་དུ་མའི་རིང་ལ། ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ལ་དོ་ཁུར་དང་ཡིད་སྨོན་བྱེད་ཀྱིན་ཡོད། མེ་ལིས་ཨའེ་ཐེབས་རྩ་ཚོགས་པས་ཧྥ་རན་སི་དང་ཀྲུང་གོའི་མཛའ་མཐུན་དང་འཕྲོད་བསྟེན་བདེ་ཐང་གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གང་ལེགས་གཏོང་རྒྱུ་ཡིན་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།