ཧན་ཀྲིན་གྱིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་དཔལ་འབྱོར་སྲིད་ཇུས་གཅིག་གྱུར་འཆར་འགོད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་རུའེ་ཅེ་ལ་མཇལ་འཕྲད་གནང་།
2024.04.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་དཔལ་འབྱོར་སྲིད་ཇུས་གཅིག་གྱུར་འཆར་འགོད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་རུའེ་ཅེ་དང་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཞན་ལུང་གི་འཐབ་ཇུས་སྣེ་ཁྲིད་འོག་ཏུ་ན་ནིང་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ནས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་དང་སིང་ག་ཕོར་བར་མཉམ་ལས་བྱེད་པའི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རིམ་པ་ཁག་གི་འགྲོ་འོང་དམ་ཟབ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་རྐྱེན་སྲོལ་ལེགས་པོར་སྤྱོད་པ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་མི་གཞུང་བརྗེ་རེས་སྤེལ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་། འཕེལ་རྒྱས་དར་རྒྱས་ཐད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས།

ཝང་རུའེ་ཅེ་ཡིས་བསྟན་དོན། སིང་ག་ཕོར་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་གཉིས་ཕན་མཉམ་རྒྱལ་བྱུང་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།