ཞིང་ཆེན་གྱི་འགོ་ཁྲིད་པས་སྨྱུང་གྲོལ་དུས་ཆེན་སྐབས་སུ་མི་རིགས་ཆོས་ལུགས་སྡེ་ཁག་གི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས།
2024.04.10 ཁུངས། ཀློག་གྲངས། 0

ཟླ4པའི་ཚེས9ཉིན། སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལན་དགོན་པར་སོང་ནས། ཞིང་ཆེན་དབྱི་སི་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཡུའེ་ཞང་དང་དབྱི་སི་ལན་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས། 

པད་ཁོ་དང་དབྱང་ཀྲི་ཝུན་གྱིས་ཆོས་ལུགས་མི་སྣ་དང་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་བཞུགས་མོལ་བྱས་ཏེ། ཏུང་ཀོན་དབྱི་སི་ལན་དགོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་སོགས་ཐད་ཀྱི་བྱ་བའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཏུང་ཀོན་མུའུ་སི་ལིན་དགོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་ནས། མུ་མཐུད་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་སུ་བསྐྱོད་པར་མིག་དཔེ་སྟོན་དགོས། རྒྱལ་དར་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་བསྐྱོད་པ་དེ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་བཏང་ནས། དད་ལྡན་མང་ཚོགས་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཤེས་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས། རིགས་སོ་སོའི་མང་ཚོགས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ཁྲོད་དུ་ཕན་ཚུན་ལག་རྡང་སྦྲེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱེད་དགོས་པ་དང་། བརྩེ་བ་གསུམ་དང་མཉམ་མྱོང་བཞི། མོས་མཐུན་ལྔ་བཅས་བསྟུད་མར་ཇེ་དྲག་ཏུ་བཏང་ནས། མི་རིགས་འགྲིག་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན། 

མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་དབྱི་སི་ལན་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་སྲིད་ཆེན་སྲིད་གཞུང་གི་ཐུགས་ཁུར་ལ་བཀའ་དྲིན་ཞུས་པར་མ་ཟད།  ཁོ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མི་རིགས་གཞན་དག་དང་མཉམ་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།