ལིས་ཞི་ཡིས་པ་ཞིའི་ངལ་རྩོལ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
2024.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས10ཉིན་པེ་ཅིང་དུ་པ་ཞིའི་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཧོ་ཧྥུའུ་མན་གྱིས་སྣེ་ཁྲིད་པའི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།

 ལིས་ཞི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལཱ་གཉིས་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་འདོད་ཡོད་ལ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་པ་ཞི་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ནུས་འདེགས་རིམ་སྤོར་བྱེད་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་པ་ཞིའི་ངལ་རྩོལ་ཏང་དང་མཉམ་དུ་ཏང་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བ་གོ་སྐབས་སུ་བརྩིས་ནས་ཏང་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ལིས་ཞི་ཡིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱས་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

ཧོ་ཧྥུའུ་མན་གྱིས་བསྟན་དོན། ད་ལོ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་གལ་ཆེན་ཞིག་ཡིན་ལ། པ་ཞིའི་ངལ་རྩོལ་ཏང་གིས་ཀྲུང་གོ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས་ཏང་གི་འཛུགས་སྐྱོང་དང་རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཁྱབ་ཁུངས་མང་པོའི་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།