ཧན་ཀྲིན་གྱིས་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་གི་མཐོ་རིམ་ལས་བྱེད་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་། 
2024.04.11 ཁུངས། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས10ཉིན་པེ་ཅིང་དུ་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་གི་འགོ་ཁྲིད་པ་དང་། ཙུང་ཐུང་གཞོན་པ་ཝུའུ་ལུའེ་ཡ་ཡིས་སྣེ་ཁྲིད་པའི་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་གི་མཐོ་རིམ་ལས་བྱེད་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས10ཉིན་པེ་ཅིང་དུ་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་གི་འགོ་ཁྲིད་པ་དང་། ཙུང་ཐུང་གཞོན་པ་ཝུའུ་ལུའེ་ཡ་ཡིས་སྣེ་ཁྲིད་པའི་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་གི་མཐོ་རིམ་ལས་བྱེད་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་། 

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ནས་མྱུར་དུ་འཕེལ་རྒྱས་སུ་ཕྱིན་ཡོད། 2019ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཙུང་ཐུང་པུའུ་ཁི་ཨར་དང་མཉམ་དུ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སཱ་ཨར་ཝ་ཏོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སོགས་ཀྱི་མཉམ་ལས་གཏིང་ཟབ་སྒོས་སྤེལ་ཏེ། མི་གཞུང་བརྗེ་རེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་སཱ་ཨར་ཝ་ཏོའི་བསམ་བློ་གསར་བའི་ཏང་དང་མཉམ་དུ་གསར་དར་སྲིད་ཏང་གི་འབྲེལ་བ་འཛུགས་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བརྟན་ཞིང་ཕྱི་ཐག་རིང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཝུའུ་ལུའེ་ཡ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཚུན་ནས་བཟུང་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས་ལ། དེང་སྐབས་སཱ་ཨར་ཝ་ཏོ་དང་ཀྲུང་གོའི་མཉམ་ལས་བརྗེ་རེས་བདེ་བླག་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་སྔར་མེད་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། སཱ་ཨར་ཝ་ཏོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། བསམ་བློ་གསར་བའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། རང་གི་རྒྱལ་ཁབ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱ་འདོད་ཡོད་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།