ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ། 《སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས། 2024ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ6དང་དོན་ཚན33ཡོད། གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ནང་དོན་ཁ་གསལ་བཟོ་དགོས། གཉིས་ནས་བྱ་བའི་རྩ་དོན་ཁ་གསལ་བཟོ་རྒྱུ་དང་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། གསུམ་ནས་ནོར་སྲིད་ཀྱི་གཞུང་ཕྱོགས་ཁ་གསབ་སྔར་ལས་ཚད་ལྡན་དུ་གཏོང་དགོས། བཞི་ནས་ས་ཁུལ་བར་གྱི་འཕྲེད་ཕྱོགས་ཁ་གསབ་སྔར་ལས་འཐུས་ཚང་དུ་གཏོང་དགོས།  ལྔ་ནས་ཚོང་རའི་ལམ་སྲོལ་ཁ་གསབ་ལ་སྐུལ་འདེད་གཏོང་བར་སྐུལ་ལྕག་གཏོང་དགོས། དྲུག་ནས་འགན་སྲུང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།