ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.04.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྒྱས་འཛོམས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དུས་ཚིགས་དང་པོའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཧྥ་སིན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། དུས་ཚིགས་དང་པོར། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གིས་གཅིག་གྱུར་མཛུབ་སྟོན་ལ་ཤུགས་བསྣན་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུའི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་རང་རྟོགས་སྒོས་ལག་བསྟར་བྱས་ཤིང་། མ་ལག་ལྡན་པར་དམ་འཛིན་དང་གཅིག་གྱུར་གྱིས་དམ་འཛིན། བྱེ་བྲག་ཏུ་དམ་འཛིན་བཅས་རྒྱུན་འཁྱོངས་བྱས་པ་དང་། ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ལ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོབ། བརྟན་འཇགས་སྲུང་སྐྱོང་བཅས་བྱས་ཏེ། ལོ་ཧྲིལ་བོའི་བྱ་བར་རྨང་གཞི་བརྟན་པོ་བཏིངས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལོ་འཁོར་གྱི་དམིགས་འབེན་མངོན་འགྱུར་འབྱུང་བར་འགན་འཁྲི་དོན་འཁྱོལ་དེ་འབུར་དུ་ཐོན་པར་བྱེད་དགོས་ཏེ། གཅིག་ཅན་བཅུའི་ལས་འགན་གཙོ་བོའི་ཐད་ནས་ལས་འགན་རྣམ་གྲངས་ཅན་དང་། རྣམ་གྲངས་རྩིས་ཐོ་ཅན། རྩིས་ཐོ་འགན་འཁྲི་ཅན་བཅས་ལག་བསྟར་བྱེད་དགོས། ཡུན་རིང་སྐུལ་འདེད་ལ་དམ་དུ་དམིགས་དགོས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་ལས་རིགས་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་སྦྲེལ་མཐུད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་མཉམ་འགུལ་དང་གཅིག་ལ་གཅིག་འབྲེལ་གྱི་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། འབྲེལ་མཐུད་དྲ་རྒྱ་ཚགས་དམ་བཟོ་བའི་ཐད་གྲུབ་འབྲས་མངོན་པར་བྱེད་དགོས་ཏེ། ལྟེ་གནས་ལྔ་གཞི་གཅིག་ཏུ་འབྲེལ་བར་བརྟེན་ནས་རྡུང་རྡེག་དང་སྔོན་འགོག དོ་དམ། ཚོད་འཛིན། འཛུགས་སྐྱོང་། སློབ་གསོ་སོགས་ཀྱི་ནུས་ལྡན་བྱེད་ཐབས་དོན་འཁྱོལ་བཟང་པོ་བྱེད་དགོས། སྤྱོད་ཚུལ་སྒྱུར་བཅོས་ཐད་རྐང་འཛུགས་དགོས་ཏེ། ཏང་སྲོལ་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱེ་བྲག་ལག་ལེན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་ནན་མོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བཟང་པོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་བདེ་འཇགས་བརྟན་འཇགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།

ལྷ་མོ་འཚོས་བསྒྱུར།