ཚའེ་ཆི་ཡིས་ཨ་མེ་རི་ཁའི་ཨེ་ཤ་ཡའི་མཐུན་ཚོགས་ལས་འཛིན་པའི་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2024.04.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཟླ4པའི་ཚེས12ཉིན་པེ་ཅིང་དུ་ཨ་མེ་རི་ཁའི་ཨེ་ཤ་ཡ་མཐུན་ཚོགས་ལས་འཛིན་པའི་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་སང་ཏུན་ལ་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འགག་རྩར་གནས་ཡོད། མུ་མཐུད་དུ་བརྟན་པོ་དང་ཇེ་ལེགས་སུ་འགྲོ་དགོས་ན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ཐབས་ལམ་ཡང་དག་འཚོལ་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བཏོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་དེས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་ཐུབ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འབྱུང་འགྱུར་ནི་མི་དམངས་ཀྱིས་གསར་གཏོད་བྱེད་པ་ཞིག་ཡིན་པས། སྐུ་ཞབས་སང་ཏུན་གྱིས་མུ་མཐུད་དུ་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འགྲོ་འོང་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། 

སང་ཏུན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཉམ་དུ་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་ཀྱིས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཀྱིན་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཨ་མེ་རི་ཁའི་མང་ཚོགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཤུགས་ཇེ་ཆེར་གཏོང་ཆེད་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།

ཤ་བོ་གསེར་མཚོས་བསྒྱུར།