ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། 2024ལོའི་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ནས2023ལོའི་བྱ་བར་ཕྱིར་ལྟ་དང་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་མཐུན་སྒྲིལ་གཞོག་འདེགས་དང་དཀའ་ངལ་ཁྱད་དུ་བསད་ནས་ཕྱོགས་ཡོངས་ནས་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བའི་བཅོས་སྐྱོང་བྱ་བར་ཤུགས་བསྣན་པ་དང་། གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་ནུས་ལྡན་བྱས་པས། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་གནས་བབ་རིམ་བཞིན་ཇེ་ལེགས་སུ་སོང་བ་དང་། རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ལ། རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་མངོན་གསལ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས། བརྟན་འཇགས་བཅས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་བཞག
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རང་རྟོགས་ངང་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས། བརྟན་འཇགས་བཅས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད། ལག་བསྟར་བཅས་བྱེད་དགོས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས་སྡེ་ཁག་མང་པོའི་འགན་དབང་གཅིག་མཐུན་དང་སྒྲིག་གཞི་དང་གོ་རིམ་ཡོད་པ། ཕན་ཚུན་རོགས་འདེགས་བྱེད་པ། འཁོར་སྐྱོད་ཕན་ནུས་མཐོ་བའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་མཉམ་དུ་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་ཚད་་མཐའ་བརྟན་སྲུང་བྱེད་དགོས། ཁྲིམས་ལྟར་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚུལ་མཐུན་ལུགས་མཐུན་དང་དྲང་གཞག་དྲང་བདེན་ངང་ཁྲིམས་བསྟར་བྱས་ནས་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་ཁྱབ་ཁོངས་ནས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་འབྱུང་བར་གཏན་འགོག་བྱེད་དགོས། མི་ཚུལ་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་པའི་ཁྲིམས་བསྟར་དང་བརྩེ་བས་ཁྱབ་པའི་ཞབས་ཞུ་རྒྱུན་འཁྱོངས་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་དམ་འཛིན་ནན་མོ་བྱས་ནས་རིམ་པ་རེ་རེ་བཞིན་ཉེན་ཁ་འགོག་སེལ་གྱི་འགན་འཁྲི་བརྒྱུད་སྤྲོད་བྱས་ནས་ཉེན་ཁ་རིགས་སྣ་ཚོགས་ཕན་ནུས་ལྡན་པའི་ངང་སེལ་དགོས།
མི་ཕམ་མགོན་པོས་བསྒྱུར།