ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.04.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས12ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཏང་སྲོལ་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། དབྱང་ཧྥུན་ཁྲུན་དང་། ཉི་མ་སྒྲོལ་མ། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན།  ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། འགོ་རྩོམ་ས་སྔར་ལས་མཐོ་ས་ནས་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པ་དང་། སྐོར་གཟིགས་དག་ཐེར་དང་སྐོར་ཞིབ་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་སོགས་བྱེ་བྲག་བྱ་བའི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བར་གཞིགས་ཏེ། སློབ་སྦྱོང་དམ་འཛིན་ནན་མོ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་གཅིག་སྡུད་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་བོ་གཅིག་དང་འཆར་འགོད་གསུམ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྱི་འབྲེལ་ཡོད་བྱ་བ་དྲིལ་སྒྲོག་དང་སྒྲོག་འགྲེལ་བཟང་པོ་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་མང་ཚོགས་ཀྱིས་གོ་བ་དང་དམངས་སེམས་སུ་འཇོག་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་སྔར་ལས་ལེགས་པར་བསྒྱུར་དགོས། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་ཁུངས་བཅོས་སྒྱུར་གྱི་བཀོད་སྒྲིག་དང་བླང་བྱའི་སྟེང་གཅིག་གྱུར་བྱས་ནས། དམངས་ཆེན་གྱི་ལས་ཁུངས་བཅོས་སྒྱུར་བྱ་བའི་ལས་འགན་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་འགྲུབ་དགོས།  ཏང་སྲོལ་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་ཏེ། ཚད་གཞི་མཐོ་ཞིང་བླང་བྱ་མཐོན་པོས་ཏང་སྲོལ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏནཏིག་སྒོས་སྤེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་སྲོལ་སློབ་སྦྱོང་སློབ་གསོ་སྤེལ་བའི་ལག་བསྟར་ཇུས་གཞི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི2024ལོའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།