2024ལོའི་རང་བྱུང་ཐོན་ཁུངས་རྒྱུན་ལྡན་ལྟ་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་བཀོད་གཏོང་གྲོས་ཚོགས་བསྡུས།
2024.04.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས15ཉིན། 2024ལོའི་རང་བྱུང་ཐོན་ཁུངས་རྒྱུན་ལྡན་ལྟ་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་བཀོད་གཏོང་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་དོ་དམ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེས་བྱེད་པ་དང་། 2024ལོའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུན་ལྡན་ལྟ་ཞིབ་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས་པར་མ་ཟད།  ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་གནས་ཚུལ་བཀོད་གཏོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ཞུགས་ནས་གཏམ་བཤད། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞིས་ཨན་ཅུའུ་ཡི་ཅུའུ་ཀྲང་ཅང་གོ་ཏུང་གྲོས་ཚོགས་ཞུགས་ནས་བྱ་བར་བླང་བྱ་བཏོན།

ཝུའུ་ཞའོ་ཅུན་གྱིས་རང་བྱུང་ཐོན་ཁུངས་ཀྱི་རྒྱུན་ལྡན་ལྟ་ཞིབ་བྱ་བ་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱ་བར་ཤུགས་བསྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ཞིང་གི་རང་བྱུང་ཐོན་ཁུངས་དོ་དམ་འགན་འཁྲི་ལག་བསྟར་གནས་ཚུལ་གྱི་ཁྱོན་ཡོངས་ཚད་ལེན་ཐེངས་ཤིག་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་སྔར་ལས་ལྷག་པའི་མཐོང་ཆེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སྔར་ལས་ལྷག་པར་དཔེ་ལྟ་བྱས་ཏེ། ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་བྱ་བ་དེ་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཚད་ཤིང་དང་བཤེར་ཞིབ་ཏུ་བརྩིས་ནས། ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་པ། ཆབ་སྲིད་སྟེང་བཅོས་སྒྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་བླང་བྱ་ཁོང་དུ་ཡག་པོར་ཆུད་པར་བྱེད་པ། མཐུན་སྦྱོར་དང་ཞབས་ཞུ་འགན་སྲུང་ལེགས་པོར་སྒྲུབ་པ། རང་འགུལ་སྦྲེལ་མཐུད་ཀྱིས་དག་ཐེར་བྱེད་པ་དང་། བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དག་ཐེར་བྱ་བ་སྔར་ལས་དངོས་འབེབས་དོན་འཁྱོལ་བྱས་ཏེ། འགན་འཁྲི་གསལ་ཞིང་གཙོ་གནད་གཅིག་འདུས། རིགས་བགར་ཇུས་བསྟར་དང་ལྟ་སྐུལ་ཤུགས་དྲག་བྱེད་དགོས་ཤིང་། དུས་ལྟར་སྤུས་འབོར་ལ་འགན་སྲུང་ཡོད་པའི་སྒོ་ནས་དག་ཐེར་བྱ་བ་ལེགས་འགྲུབ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་མཚམས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས། གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཅང་གོ་ཏུང་གིས་ཐེངས་འདིའི་རྒྱུན་ལྡན་ལྟ་ཞིབ་ཀྱི་ལས་འགན་གཙོ་བོ་དང་། བྱ་བའི་བཀོད་སྒྲིག བྱེ་བྲག་གི་བླང་བྱ་སོགས་མཚམས་སྦྱོར་བྱས་ཤིང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། ཚོད་འཛིན་ཐིག་གསུམ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་བསྣོན་པ་དང་། རྨོ་ཞིང་དོ་སྙོམ་དང་སྐྱེ་ཁམས་ཉམས་གསོ་བྱ་བ་ཡག་པོར་བསྒྲུབ་པ། འཆར་འགོད་སྣེ་ཁྲིད་དང་རྒྱུ་རྐྱེན་འགན་སྲུང་ལེགས་པོར་བསྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རེ་རེ་བཞིན་དག་ཐེར་འགན་འཁྲི་ཇེ་དམ་དུ་གཏོང་བ། ཇི་མ་ཇི་བཞིན་དུ་དག་ཐེར་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཕྱོགས་གཅིག་ཤུགས་འདོན་དང་མཉམ་ལས་གཞོགས་འདེགས། འགན་སྒྲུབ་མཐའ་འཁྱོལ་བྱས་ཏེ། 2024ལོའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུན་ལྡན་ལྟ་ཞིབ་བྱ་བ་མཉམ་དུ་ལེགས་པོར་བསྒྲུབ་དགོས་ཞེས་གསལ་བོར་བསྟན།

རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞིས་ཨན་ཅུའུ་ཡི་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཆེད་མཁས་གཞོན་པ་ལིའུ་ཧྥུའུ་ཆང་གིས་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཀྱི་བརྡ་ཐོ་དང་། ལྟ་ཞིབ་སྒྲིག་ཁྲིམས་ཀྱི་བྱེད་མི་ཆོག་པ་བཅུ་སྒྲོག་འདོན་བྱས། ཞིང་ཆེན་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་། མཚོ་ནུབ་ཁུལ་སྲིད་གཞུང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱི་འཐུས་མིས་གཏམ་བཤད།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།