ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.04.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས15ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱི་མངག་བཅོལ་ལྟར།  ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་བསྡུས་པ་དང་།  གྲོས་ཚོགས་སྟེང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་ཇུས་གཞི་དང་དཔེ་ཀློག་འཛིན་གྲྭའི་ཇུས་གཞི་གཉིས་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་བསྣོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྩ་འཛུགས་བྱས་ནས་ཡག་པོར་སྤེལ་དགོས་ཤིང་། དོན་དངོས་འགུལ་སྐྱོད་ཀྱིས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། གཟབ་ནན་གྱི་སྒྲིག་ཁྲིམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པར་ཁག་ཐེག་བྱས་ནས། སྤྱོད་ངན་རྟོགས་ནས་མཚམས་འཇོག་པ་དང་བཀའ་རྒྱ་བསྒྲགས་ནས་བཀག་སྡོམ་བྱེད་རྒྱུ་དངོས་སུ་བསྒྲུབ་ཐུབ་པར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཁྲིད་ཕྱོགས་དང་དམིགས་འབེན་ལས་འགན། ལག་ལེན་བླང་བྱ་བཅས་ཀྱི་ཚད་སྡུར་དཔེ་ལྟའི་བྱ་བ་སྤེལ་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གཏན་འབེབས་ལས་ཀ་སྒྲུབ་ཐུབ་པར་བྱེད་དགོས། དུས་མཉམ་དུ། སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྒྲིག་ཁྲིམས་སློབ་གསོ་དང་ཏང་གཤིས་སློབ་གསོ་ཕན་ཚུན་ཟུང་འབྲེལ་དང་། གཅིག་སྡུས་སློབ་གསོ་དང་རྒྱུན་ལྡན་སློབ་གསོ་གཉིས་གཅིག་གྱུར་བྱེད་དགོས་ཤིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་རིམ་ཁག་ཡག་པོར་སྒྲུབ་པར་རྩ་འཛུགས་ཞིབ་མོ་དང་སྐུལ་འདེད་གང་ལེགས་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་བརྗོད་བྱ་གཙོ་བོ་དང་གཏན་འབེབས་བླང་བྱར་སྟངས་འཛིན་ཡང་དག་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྲིད་གྲོས་འགན་སྒྲུབ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།

རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།