ཟླ4པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡི་ཅུའུ་ཀྲང་ཁའེ་ཏེ་ཝེ་ཏ་ཨར་ལ་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས15ཉིན་པེ་ཅིང་དུ་ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡི་ཅུའུ་ཀྲང་ཁའེ་ཏེ་ཝེ་ཏ་ཨར་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ཅིའུ་ཅིན་ཧྲན་གྱི་འདོད་བློ་བཏོན་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ནས་འདོད་བློ་དེ་དོན་དངོས་སུ་འགྱུར་བར་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་དང་། འདྲ་མཉམ་དང་དྲང་གཞག མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་བསྟན།
ཝེ་ཏ་ཨར་གྱིས་ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡིས་ཀྲུང་གོའི་བར་གྱི་ཤེས་བྱའི་ཐོན་དབང་མཉམ་ལས་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གྲོས་མོལ་བརྗེ་རེས་དང་མཉམ་ལས་དམ་ཟབ་ལ་ཤུགས་བསྣན་ནས་གསར་གཏོད་གཙོ་གཞིར་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་པ་དང་གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་བཀོད་སྤྱོད་སྔར་ལས་མངོན་འགྱུར་བཟང་བོ་བྱེད་འདོད་ཡོད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།