ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྩ་འཛུགས་བྱས་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཀྱིད་ཀའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱེད་པ་དང་ལོ་ཧྲིལ་བོའི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་བཀོད་སྒྲིག་བཟང་བོ་བྱས།
ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱིས་བསྡོམས་པས་སྒྲོག་འགྲེལ་ཐེངས་སྟོང་ལྔ་དང་བཞི་བརྒྱ་དོན་གཉིས་སྤེལ་བ་དང་། སློབ་གསོ་མྱངས་པའི་མང་ཚོགས་འབུམ་དགུ་དང་ཁྲི་གསུམ་སྟོང་གསུམ་ལ་སླེབས་ལ། ཁེབས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་སླེབས་ལ། དེ་ནི་བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་སྤེལ་བའི་ཚུན་གྱི་ཁྱབ་ཁོངས་ཆེ་བ་དང་ཡོངས་སུ་ཁེབས་པ། ཁ་གཏད་རང་བཞིན་ལྡན་པའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་ཡིན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློའི་ལངས་ཕྱོགས་མཐོར་འདེགས་གཏོང་བ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་སྐྱོང་ཡིད་རྟོན་འཛུགས་པར་སྣེ་ཁྲིད་བྱེད་པ། ཁྲིམས་སྲུང་གི་རང་རྟོགས་མཐོར་འདེགས་བཏང་ནས། ཁྲིམས་སྐྱོང་བྱ་བའི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་དགོས། བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་འབྲས་ཇེ་ཆེར་གཏོང་བ། རིགས་བགར་མི་བགོ་དང་གཙོ་གནད་འབུར་ཐོན་གྱི་ཉམས་མྱོང་སྤྱི་སྡོམབ་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་རང་བཞིན་མཐོར་འདེགས་གཏོང་དགོས། བཅའ་ཁྲིམས་ཁེ་ལས་སུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་ཁེ་ལས་སྐྱོང་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱ་བ་འཕེལ་རྒྱས་གཏིང་ཟབ་་གཏོང་བར་རོགས་ཤུགས་འདོན་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྡེ་ཁག་བར་མཉམ་ལས་གཞོགས་འདེགས་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་འདེགས་ནུས་སྤེལ་ཐད་སྐུལ་འདེད་གཏོང་དགོས། དམིགས་ཡུལ་ཅན་དང་མི་བགོ་ཅན་གྱི་བཅའ་ཁྲིམས་དྲིལ་སྒྲོག་སྤེལ་བ་དང་། བཅའ་ཁྲིམས་ཁྱབ་གདལ་བྱ་བ་དེ་ཡོངས་སུ་སྤེལ་བ་ནས་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བར་བསྒྱུར་དགོས། གཞི་རིམ་དུ་བསྐྱོད་པ་བཞི་རྒྱུན་མཐུད་ངང་སྤེལ་བ་དང་། གཞི་རིམ་གཙོ་གནད་དུ་བྱས་པའི་བྱ་བའི་མ་ལག་ཕྱོགས་ཡོངས་ནས་འཛུགས་པ། སྨྱན་བྱད་སྤྱི་ཕན་གྱི་བཅའ་ཁྲིམས་ཁྱབ་གདལ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སོགས་བྱ་བའི་རྐྱེན་སྲོལ་རབ་དང་རིམ་པ་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།