མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟླ4པའི་ཚེས17ཉིན་ཟི་ལིང་དུ་བསྡུས་ནས། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་ལ་གྲོས་ཞིབ་བྱས་པ་དང་། དུས་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཆ་ཚང་བ།  ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲོལ་མང་གཅིག་བསྡུ་བཅོས་སྒྱུར་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་དུ་དམིགས་པ། ལོ་རྒྱུས་དང་མངོན་སུམ་ལ་འགན་ཆེན་པོ་ཁུར་བའི་རྣམ་འགྱུར་གྱིས་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་བྱ་བ་རྒྱུན་མཐུད་ངང་བཟང་བོར་སྒྲུབ་ནས། ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱས་པར་མ་ཟད་ལྟ་སྐུལ་ལག་བསྟར་བྱེད་རྒྱུ་ནི། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ལེགས་འཚོ་བ་མངོན་འགྱུར་བྱེད་པ་དང་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནུས་ལྡན་བྱེད་པར་འགན་སྲུང་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་དགོས་མཁོ་ཡིན་པས། འཆར་འགོད་མ་ལག་སྔར་ལས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་བྱེད་པ། གྲོང་ཁྱེར་དང་ཁུལ། རྫོང་། ཡུལ་ཚོའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་དང་འཆར་འགོད་ཞིབ་མོ། ཆེད་དོན་འཆར་འགོད་དང་སྡེ་བའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ། ཞིང་ཆེན་ཡོངས་གཅིག་གྱུར་དང་འགན་དབང་ཁ་གསལ། ཚན་རིག་ཕན་ལྡན་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་མྱུར་དུ་གྲུབ་པར་བྱས་ཏེ། འཆར་འགོད་བཟང་བོ་བྱེད་པ་དང་ལག་བསྟར་མཐའ་འཁྱོལ་བྱེད་དགོས། བར་སྟོང་བཀོད་སྒྲིག་སྔར་ལས་ལེགས་སྒྱུར་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས། གྲོང་གསེབ་གསར་སྤེལ་གྱི་མཐའ་མཚམས་བཅས་བརྟན་སྲུང་བྱེད་པ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་དང་ཞིང་ལས། གྲོང་གསེབ་སོགས་ཀྱི་རྩོལ་ནུས་བར་སྟོང་ལ་གཅིག་འདོམས་བཀོད་སྒྲིག་བྱེད་པ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་ཀྱི་བར་སྟོང་ལ་བཀོད་སྒྲིག་ལུགས་མཐུན་བྱས་ནས། གཙོ་གཞིའི་རྩོལ་ནུས་བཀག་སྡོམ་ཕན་ནུས་ལྡན་པར་བྱེད་པ་དང་རྒྱལ་ཁོངས་གསར་སྤེལ་ཐད་ནས་མཐུན་སྦྱོར་དང་གོ་རིམ་ལྡན་པའི་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། འཆར་འགོད་ལག་བསྟར་ཐད་ནས་སྔར་ལས་ཤུགས་ལྡན་པ་དང་། ཚོད་འཛིན་བརྟན་པོ་བྱེད་པ་དང་སྤྱོད་སྒོར་བཀག་གཅུན་བྱེད་པ། ལྟ་སྐུལ་ལ་དཔྱད་འཇོག་བྱེད་པར་ཤུགས་སྣོན་པ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་ཟིལ་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རིམ་པ་སོ་སོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཐད་ནས་་སྦྲེལ་མཐུད་བཟང་བོ་དང་བཀག་གཅུན་ནུས་ལྡན། ལག་བསྟར་ནུས་ལྡན་བྱེད་པར་ཁག་ཐེག་བྱེད་དགོས། བར་སྟོང་བཅོས་སྐྱོང་སྔར་ལས་སྔར་ལས་ཕན་ནུས་ལྡན་པ་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་ལུགས་སྒྲུབ་ལྟ་ཞིབ་དང་རང་བྱུང་ཐོན་ཁུངས་ཀྱི་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་འགག་སྒྲོལ་བྱེད་ས་རུ་བྱེད་པ། རྨོ་ཞིང་སྲུང་སྐྱོབ་བཅོས་སྐྱོང་དང་རྒྱལ་ཁོངས་བར་སྟོང་གི་སྐྱེ་ཁམས་སླར་གསོ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཞབས་ཞུ་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་བཅོས་སྐྱོང་གི་སྤུས་ཚད་སྔར་ལས་མཐོ་བ་དང་སྔར་ལས་རྒྱུན་བསྲིང་ཆོག་པ། སྔར་ལས་བདེ་འཇགས་ཡིན་པར་བྱེད་དགོས། བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། འཆར་འགོད་སྒྲིག་བཟོ་མཆན་འགོད་དང་ལག་བསྟར་ལྟ་སྐུལ། ཁྲིམས་སྲོལ་སྲིད་ཇུས་དང་ལག་རྩལ་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་གི་མཉམ་ཤུགས་གྲུབ་པར་བྱེད་པ། མིག་སྔར་གོ་ཆོད་པ་དང་ཡུན་རིང་ལ་ཕན་པའི་བྱ་བ་དེ་བཟང་བོར་སྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་འདེགས་སྐྱོར་དང་ཞབས་འདེགས་བཟང་བོ་ཞུ་དགོས།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་ཤར་དང་མཚོ་ནུབ། མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག རྨ་ལྷོ་བཅས་གྲོང་ཁྱེར་དང་ཁུལ་བདུན་གྱི་འགན་ཁུར་བློ་མཐུན་གྱིས་སྙན་ཞུ་ཕུལ།

རིན་ཆེན་མཚོས་བསྒྱུར།