ཧན་ཀྲིན་གྱིས་སི་ལོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་ཧྥ་ཡུང་ལ་མཇལ་འཕྲད་གནང་།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས17ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ལོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་ཧྥ་ཡུང་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས17ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ལོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་ཧྥ་ཡུང་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་སི་ལོ་ཝུན་ཉི་ཡའི་བར་འབྲེལ་བ་བཙུགས་པའི་ཚུན་ལ།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་སཱ་ཨར་གྱིས་ཐེངས་མང་པོར་ཕན་ཚུན་བར་འཕྲིན་ཡིག་དང་གློག་འཕྲིན་བསྐུར་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།   ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་ལོ་ཝུན་ཉི་ཡའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།    སི་ལོ་ཝུན་ཉི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ཏེ་ཕྱོགས་གཉིས་ཀྱི་བརྗེ་རེས་དམ་ཟབ་ཏུ་གཏོང་བ་དང་ཕན་ཚུན་བར་གྱི་ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ།   ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གྱི་གཏིང་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་པ།   རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཐུན་མོང་འཕེལ་རྒྱས་མཉམ་དུ་མངོན་འགྱུར་བྱེད་འདོད་ཡོད།  སི་ལོ་ཝུན་ཉི་ཡ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན་པ་དང་།   སི་ལོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་དང་མཉམ་ལས་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཧྥ་ཡུང་གིས་སི་ལོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ།  ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་རྡོ་རུ་བྱས་ཡོད།   སི་ལོ་ཝུན་ཉི་ཡ་དང་ཀྲུང་གོ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་།   མི་གཞུང་།   ཕྱོགས་མང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།