ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན།  ཉི་མ་སྒྲོལ་མ་དང་། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྡོང་འཛུགས་ལྗང་སྒྱུར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་བསྟར་པ་དང་སྐུལ་འདེད་པ་བྱས་ཏེ། ཐུན་མོང་གིས་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་མ་བཏང་ཡོད་པས།  དེར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མཛེས་སྡུག་ཀྲུང་གོའི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དཔེ་མཚོན་དཔེ་གཞིའི་སློབ་སྦྱོང་དམ་འཛིན་ལེགས་པོ་བྱས་ཏེ། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་སྐྱེད་སྲིང་དང་འདེམས་སྒྲུག སློབ་གསོ་དོ་དམ་གྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྤྱོད་གོ་ཆོད་ལ་འགན་འཁྲི་ལྕི་མོ་ཁུར་ཐུབ་པའི་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། མཐུན་སྒྲིལ་མཉམ་སྒྲུབ་ལ་ཤུགས་བསྣན་ནས། ཞབས་ཞུ་འགན་སྲུང་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་སྟེང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་རྟོག་ཞིབ་དང་ལྟ་སྐུལ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ན་གཞོན་ལས་བྱེད་པ་སྐྱེད་སྲིང་དོ་དམ་ལ་ཤུགས་སྣོན་པའི་བྱེད་ཐབས་ཁ་ཤས་ཀྱི་མ་ཟིན་བྲིས་པའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་འཆར་ཟིན་གྱི་ཉིས་བཤེར་མ་ཡིག་བཟོ་བཅོས་གནས་ཚུལ་དང་སྲོལ་ཡིག་འཆར་ཟིན་གྱི་སུམ་བཤེར་མ་ཡིག་གྲོས་ཞིབ་བྱེད་པར་སྤྲོད་པའི་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་དོན་ལྔ་འཁོར་བ་དང་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་མུ་འབྲེལ་བྱེད་སྒོའི་བྱ་བའི་ཇུས་གཞིར་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།