ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན།ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་བཞི་བསྡུས།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས།ཉི་མ་སྒྲོལ་མ་དང་ཀྲང་ཧོང་ཡོན།ཝང་ཅིན་ཀྲེ།ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་གྲོས་འདོན་གྲོས་གཞི་དང་ཚོགས་འདུའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན།མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཡིག་དང་།མཚོ་སྔོན་ཞིང་ཆེན་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན།བསྡོམས་རྩིས་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱེད་པ་དང་།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་གྲོས་ཞིབ་བྱེད་པར་སྤྲོད་པའི་སྙན་ཞུ་ལ་ཉན།ཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཟི་ལིང་གྲོང་ཁྱེར་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བྱེད་པར་གྲོས་ཞིབ་བྱེད་པའི་ཆོད་དོན་དང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན།རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་རྫས་དོ་དམ་སྲོལ་ཡིག་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག དེ་མིན་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ།ཡུས་ཧྲུའུ་ཁུལ།རྨ་ལྷོ་ཁུལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་གི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་འཇོག་པར་ཡིད་འཐད་བྱུང་།

གྲོས་ཚོགས་ནས་མི་དོན་བསྐོ་འཐེན་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།ཀྲུའུ་རིན་གྲོས་ཚོགས་ནས་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ནས་གྲོས་ཞིབ་བྱེད་པར་བཀོད་སྒྲིག་བྱེད་རྒྱུར་འཐད་བྱུང་།

གྲོས་ཚོགས་ནས་ད་རུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གསུམ་ལོའི་ས་གནས་སྲིད་གཞུང་གི་དངུལ་བུན་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུར་གནས་སྐབས་སུ་གྲོས་ཞིབ་བྱེད་མཚམས་འཇོག་པའི་སྐོར་གྱི་སྙན་ཞུར་ཉན་པ་དང་།ཀྲུའུ་རིན་གྲོས་ཚོགས་ནས་སྙན་ཞུ་དེར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།