ས་དེའི་དུས་ཚོད་ཟླ4པའི་ཚེས22ཉིན། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡིས་ཁམ་ཕུ་ཁྲེ་ཡི་གྲོང་ཁྱེར་ཅིན་པེན་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ལ་མཇལ་འཕྲད་གནང་།
ཝང་དབྱི་ཡིས་ཁམ་ཕུ་ཁྲེ་ཡི་སྐབས་གསར་པའི་སྲིད་གཞུང་གི་བདེ་བླག་ངང་སྲིད་སྐྱོང་འགོ་བརྩམས་པ་དང་། བྱ་སྤྱོད་གང་ལེགས་སྤེལ་ནས་དཔལ་འབྱོར་མགྱོགས་མྱུར་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། རྒྱལ་སྤྱིའི་གོ་གནས་སྔར་ལས་ཇེ་མཐོར་ཕྱིན་པ། ཀྲུང་གོ་ནི་ཁམ་ཕུ་ཁྲེ་ཡི་གྲོགས་པོ་བཟང་བོ་དང་ཟླ་གྲོགས་བཟང་བོ་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགའ་སྤྲོ་ཚད་མེད་སྐྱེས་ཀྱིན་ཡོད། དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་རྒྱུན་འཛིན་དང་སྔ་འཛིན་ཕྱི་གཏོད་བྱེད་ཆེད། འགན་འཁུར་རྗེས་ཀྲུང་གོ་འདི་ཉིད་འཚམས་འདྲི་བྱེད་སའི་རྒྱལ་ཁབ་ཐོག་མ་རུ་བདམས་ཏེ། གདན་ཞུས་ལྟར། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ནང་ཞུགས་པ་དེའི་ཐོག་ནས། ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བློ་རྩ་བརྟན་པོ་མཚོན་ཐུབ་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་པ་ཤེས་ཐུབ་ཅེས་བསྟན།
ཝང་དབྱི་ཡིས་ང་ཚོས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་བྱ་སྤྱོད་འཆར་གཞི་གསར་པ་དོན་འཁྱོལ་ཡག་པོ་བྱས་ནས། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་མཐུན་སྒྲིལ་དང་མཉམ་ལས་བརྟན་པོ་ཡོང་བར་བྱེད་འདོད་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ནི་དུས་ནམ་ཡང་ཁམ་ཕུ་ཁྲེ་ཡི་འཕེལ་རྒྱས་ཐད་བློ་གཏད་ཆོག་པའི་གྲོགས་པོ་དང་རྒྱབ་རྟེན་གལ་ཆེན་དེ་ཡིན་ཞེས་བསྟན།
ཧུང་མ་ནའེ་ཡིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཁམ་ཕུ་ཁྲེ་རུ་ཡོང་ནས་དངུལ་གཏོང་དང་ལས་དོན་གཉེར་བར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། ལས་གཞི་གལ་ཆེན་སྔར་ལས་གང་མང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་སྔར་ལས་ཟབ་སྤེལ་བྱེད་པ། ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།