ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་གཟིགས་སྐོར་ཐེངས་བཞི་པས་མཚོ་ཤར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལ་སྐོར་གཟིགས་གནས་ཚུལ་ཕྱིར་ལྡོག་བྱས།
2024.04.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མེ་ཕིན་མཚོ་ཤར་གྲོང་ཁྱེར་ཏང་ཨུ་ལ་སྐོར་གཟིགས་གནས་ཚུལ་ཕྱིར་ལྡོག་བྱེད་པའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་གཟིགས་སྐོར་ཐེངས་བཞི་པའི་གནས་ཚུལ་ཕྱིར་ལྡོག་བྱེད་པར་ཉན་པའི་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། གཏམ་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐོར་གཟིགས་དག་ཐེར་ལེགས་པོར་བྱེད་པར་བླང་བྱ་བཏོན།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལེ་ཧན་གྱིས་ཕྱིར་ལྡོག་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་།

ལིའུ་མེ་ཕིན་གྱིས་བསྟན་དོན།  མཚོ་ཤར་གྲོང་ཁྱེར་དང་རྫོང་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་དག་ཐེར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ཕྱོགས་ནས་བལྟ་བ་དང་ཆབ་སྲིད་ཀྱི་ཕྱོགས་ནས་སྒྱུར་བཅོས་བྱེད་པ་རྒྱུན་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་དང་གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཕྱིར་ལྡོག་བྱེད་པའི་གནད་དོན་དག་ཐེར་དང་ཁྱབ་ཁོངས་གཙོ་བོའི་ཆེད་དོན་དག་ཐེར་དང་བཅོས་སྐྱོང་ལ་གཅིག་གྱུར་དམ་འཛིན་བྱས་ནས། སྐོར་གཟིགས་དག་ཐེར་ལ་ཤུགས་སྣོན་པའི་ཐད་བྱེད་ཐབས་ལེགས་པོ་སྤྱད་དེ་དངོས་གཉེར་ཕན་འབྲས་ཐོབ་པར་བྱེད་དགོས།

ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལེ་ཧན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་སྐོར་ཐེངས་བཞི་པ་ནི་མཚོ་ཤར་གྲོང་ཁྱེར་གྱི་བྱ་བ་སྣ་ཚོགས་ཀྱི་ལྟ་སྐུལ་དང་སྐུལ་འདེད་ནུས་ལྡན་ཞིག་ཡིན། གྲོང་ཁྱེར་དང་རྫོང་ཏང་ཨུས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པར་གཞིགས་ཏེ་དག་ཐེར་དམ་འཛིན་བྱེད་པ་དང་ཡར་ཞུའི་གནད་དོན་གཅིག་སྡུད་བྱེད་ཅིང་། དབྱེ་ཞིབ་ཞིབ་འཇུག་ནན་མོ་བྱེད་པ་དང་། དག་ཐེར་འགན་འཁྲི་དངོས་འབེབས་བྱེད་པ། དག་ཐེར་བྱེད་ཐབས་ལ་ཤུགས་སྣོན་པ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་མངོན་གསལ་དོད་པར་བྱེད་པ། སྐོར་གཟིགས་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་སྔར་ལས་དོན་འཁྱོལ་བྱས་ཏེ། སྐོར་གཟིགས་ཕན་འབྲས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ཤར་གྱི་ལེའུ་གསར་བ་རྩོམ་པའི་ལག་ལེན་ཁྲོད་མངོན་པར་བྱེད་དགོས་ཞེས་བསྟན།

ལྷ་མོ་འཚོས་བསྒྱུར།