རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས23ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

ཟླ4པའི་ཚེས23ཉིན་གྱི་སྔ་དྲོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི162ཚོགས་འདུར་ཞུགས་པ་དང་། ཚོགས་འདུར་ཞུགས་པའི་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧུང་གིས་ཕུལ་བའི་བསླབ་གནས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། འཆར་ཟིན་གྱི་ཞིབ་བཤེར་བྱེད་ཐེངས་གཉིས་པའི་མ་ཟིན་གྱིས་ཁྲིམས་འཛུགས་དམིགས་ཡུལ་ནང“བསླབ་གནས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་པ”སོགས་ཀྱི་ནང་དོན་ཁ་སྣོན་བྱས་ནས་བསླབ་གནས་ལས་དོན་གྱི་སྒྲིག་སྲོལ་དང་། སྤྲོད་རྐྱེན། སྤྲོད་རིམ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བསླབ་གནས་ཐད་ཀྱི་གཏན་འབེབས་སོགས་སྔར་ལས་འཐུས་ཚང་དུ་བཏང་ཡོད།

ཚོགས་འདུའི་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧི་ཕིང་གིས་ཕུལ་བའི་སྒོ་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་བྱེད་ཐེངས་གཉིས་པའི་མ་ཟིན་གྱིས་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཐེན་འཇལ་འོས་འགན་འཁུར་མཁན་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། ཐོག་མའི་ཐོན་ཡུལ་གྱི་གཞི་རྩའི་ལམ་ལུགས་སྒྲིག་སྲོལ་སྐོར་གྱི་འབྲེལ་ཡོད་ནང་དོན་ཁ་སྣོན་བྱ་རྒྱུ་དང་ཁྲལ་འཇལ་མཁན་ལ་སྟབས་བདེ་བསྐྲུན་རྒྱུའི་འབྲེལ་ཡོད་བྱེད་སྟངས་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་སྤར་རྒྱུ་རེད།

རྒྱལ་སྲུང་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་དེར་ཤུགས་སྣོན་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པ། རྒྱལ་སྲུང་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངགས་བཅོལ་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་དེའི་སྐོར་གསལ་བཤད་བྱས།

ནོར་རྩིས་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་མོར་གཏོང་བ། ནོར་དོན་རྫུན་བཟོ་བཀག་འགོག་བྱེད་པ། རྩིས་གཉེར་གྱི་ཆ་འཕྲིན་སྤུས་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་གཉེར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ལེའོ་མེན་གྱིས་དེའི་སྐོར་ནས་གསལ་བཤད་བྱས།

བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། བསྡོམས་རྩིས་ལྟ་སྐུལ་ལ་སྔར་ལས་ཤུགས་སྣོན་པ། བསྡོམས་རྩིས་རྫུན་བཟོ་བྱེད་པར་སྔོན་འགོག་དང་ཆད་གཅོད་བཅས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡོམས་རྩིས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་ཁང་དབྱི་ཡིས་དེའི་སྐོར་ནས་གསལ་བཤད་བྱས།

ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་ལེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་དང་ཐཱན་ཉུང་ཚུལ་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུས་ཁུངས་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁྲུན་ལིན་གྱིས་དེའི་སྐོར་ནས་གསལ་བཤད་བྱས།

ཉིང་རྡུལ་ནུས་པ་བདེ་འཇགས་ཀྱི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་འགན་སྲུང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ། ཉིང་རྡུལ་ནུས་པའི་བྱ་གཞག་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིང་རྡུལ་ནུས་པའི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ཀྲུའུ་རིན་ཀྲང་ཁི་ཅན་གྱིས་དེའི་སྐོར་ནས་གསལ་བཤད་བྱས།

ནག་དངུལ་དཀར་སྒྱུར་དང་དེ་བཞིན་འབྲེལ་ཡོད་ཉེས་གསོག་བྱེད་སྒོ་འགོག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། དངུལ་རྩའི་སྒྲིག་ལམ་བཅས་ལ་སྲུང་སྐྱོབ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ཕན་ཀུང་ཧྲེང་གིས་དེའི་སྐོར་ནས་གསལ་བཤད་བྱས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བའི་《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》དང་དེ་བཞིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ལག་རྩལ་ཁྱབ་སྤེལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་གསུམ་གྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧོ་རུང་གིས་དེའི་སྐོར་ནས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཧོ་རུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁར་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་སུ་ལེགས་སྒྲིག་དང་སྤྱོད་འཐུས་བྱ་རྒྱུའི་དབང་ཆ་སྤྲོད་པའི་གཏན་འབེབས་འཆར་ཟིན་སྐོར་ནས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཏིན་ལིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་བའི་སྐོར་གྱི་གྲོས་གཞི་གསལ་བཤད་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་བའི་སྐོར་གྱི་གྲོས་གཞི་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་གྱིས2023ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུའི་ནང2024ལོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛུགས་དང་ལྟ་ཞིབ་ཁྲིམས་འཛིན་ལ་ཧུར་ཐག་གིས་ཤུགས་སྣོན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཡག་པོ་རྒྱུན་མཐུད་དང་གཏིང་ཟབ་གཏོང་བ། འཕེལ་རྒྱས་གཏོང་སྟངས་དེ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སུ་བསྒྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་མཐའ་ཚད་དམ་སྲུང་བྱེད་པ། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བཅས་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་བསྐོ་འཐེན་གྱི་གྲོས་གཞི་སོགས་ལ་གྲོབ་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན་། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིན། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁི་ཨར། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་ཚོགས་འདུར་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས།