ཝང་ཧུའུ་ཉིང་གིས་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས24ཉིན་པེ་ཅིང་དུ་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།  རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ།   མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།  ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཅེས་བསྟན།

ཁི་ཧྲ་ནའོ་ཧྥུའུ་ཡིས་ཀྲུང་གོར་ལོ་རྒྱུས་རིང་ཞིང་འོད་སྟོང་འབར་བའི་ཤེས་རིག་ཡོད།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཁྲིད་སྟོན་དང་སྐུལ་འདེད་འོག་ཏུ།   ཧ་སག་སི་ཐན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན།   ཧ་སག་སི་ཐན་གྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་ཡིན་ལ།    ཧ་སག་སི་ཐན་གྲོས་ཁང་གིས་ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཡར་སྐུལ་དང་མི་དམངས་བར་གྱི་མཛའ་བརྩེ་ཇེ་དྲག་ཏུ་གཏོང་བར་བྱེད་ནུས་གལ་ཆེན་འབུལ་འདོད་ཡོད་ཅེས་བསྟན།

ཧྲི་ཐའེ་ཧྥིན་དང་ཧུའུ་ཁྲུན་ཧྭ།   ཝང་ཏུང་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།