ལིས་ཆང་གིས་ཀོས་ཀྲིག་ཏུ་རྟོག་ཞིབ་བྱས།
2024.04.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀོས་ཀྲིག་ཏུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྲིད་ཇུས་དང་བྱ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་དང་། ཞིང་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ལམ་ཁ་ཇེ་ཡངས་སུ་བཏང་ནས་ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕན་ནུས་ལྡན་པའི་སྒོ་ནས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། དབུལ་ཐར་མང་ཚོགས་ཀྱི་འཚོ་བ་ལོ་རེ་བཞིན་ཇེ་སྐྱིད་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཁའེ་ལས་གྲོང་ཁྱེར་པེ་གོ་ཅིན་ཁྲོམ་གཞུང་སི་ཡོན་སྡེ་ཁུལ་དུ་གནས་སྤོར་ཁྱིམ་ཚང་སུམ་སྟོང་ཙམ་ཡོད། ལིས་ཆང་གིས་གནས་དེ་ནས་བདེ་འགོད་ས་ཚིགས་ཀྱི་གནས་ཚུལ་ལ་ཉན་པ་དང་། མང་ཚོགས་ཀྱི་ཁྱིམ་དང་ལས་གཉེར་རོགས་སྐྱོར་གནས་ཡུལ་ནས་གནས་སྤོར་མང་ཚོགས་ཀྱི་ལས་གཉེར་དང་འཚོ་བའི་གནས་ཚུལ་དྲིས། ལིས་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཟབ་མོ་གནང་གིན་ཡོད་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། ང་ཚོས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འབད་པ་ལྷུར་ལེན་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་འབད་བརྩོན་བྱེད་དགོས། རོགས་སྐྱོར་བྱ་བའི་ཤུགས་ཚད་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་ཁག་སྦྲེལ་མཐུད་དང་ལག་བསྟར་བྱས་ནས་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་སྲུང་དགོས། ས་གནས་རང་གི་ལས་རྐང་རྒྱ་བསྐྱེད་པ་དང་ས་གནས་གཞན་གྱི་ལས་གཉེར་ཞབས་ཞུ་གཉིས་ཟུང་སྦྲེལ་བྱས་ནས་གནས་སྤོར་མང་ཚོགས་བརྟན་འཇགས་ཡོང་བ་དང་ལས་གཉེར་བྱེད་ཐུབ་པ། ཕྱུག་པོར་འགྱུར་བར་བྱེད་དགོས།

མ་ཅང་རྫོང་ལན་མིན་ཀུའུ་སྐྱེ་ཁམས་ལན་མའེ་ཐོན་ལས་དཔེ་སྟོན་གླིང་དུ་ལིས་ཆང་གིས་ཐོན་སྐྱེད་འཁོར་ར་དང་ཐོན་རྫས་འགྲེམ་སྟོན་ལ་གཟིགས་པ་དང་། ཞིང་ཁར་སོང་ནས་འདེབས་འཛུགས་མི་སྣ་དང་གླེང་མོལ་བྱས་ལ། རྫོང་ཡོངས་ཀྱི་ལན་མའེ་ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་ལས་ཡུལ་སྐོར་གྱི་སྣེ་ཁྲིད་པའི་མཉམ་འདྲེས་གནས་ཚུལ་ལ་རྒྱུས་ལོན་བྱས། ཅང་ཐེ་རྫོང་ཐེ་ཧོང་སྲང་ལམ་ཧུང་དབྱང་སྡེ་བ་རུ་ལིས་ཆང་གིས་ཚུན BAཐད་གཏོང་ལ་ལ་བལྟས་པ་དང་། ཡུལ་ཚོའི་ལས་རྩལ་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས།  ཐེ་ཅང་རྫོང་འབྲིང་རིམ་ལག་རྩལ་སློབ་གླིང་ནས་ལིས་ཆང་གིས་ཇ་དང་ཆང་སྡེབ་པའི་གསོ་སྦྱོང་ཁང་དང་གཟུགས་འདས་ཤུལ་བཞག་རིག་གནས་མྱོང་རོལ་ལྟེ་གནས་སུ་སློབ་གླིང་གི་ཁེ་ལས་མཉམ་དང་སློབ་མའི་ལས་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས།

ལིས་ཆང་གིས་ཀོས་ཀྲིག་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀོས་ཀྲིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ནུབ་ཕྱོགས་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་ཀོས་ཀྲིག་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། ལེགས་ཆ་འདོན་སྤེལ་བྱེད་པ་དང་འབད་པ་བྱས་ནས་ནུབ་ཕྱོགས་གསར་སྤེལ་ཆེན་མོའི་ལེའུ་གསར་བ་འབྲི་བར་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་བསྟན།

མི་ཕམ་མགོན་པོས་བསྒྱུར།