ཏེན་ཞུའེ་ཞང2024ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ཀྱི་ལོ་ཚོགས་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
2024.04.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

2024ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ཀྱི་ལོ་ཚོགས་ཚེས25ཉིན་པེ་ཅིང་ནས་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། གསར་གཏོད་ནི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་དང་ཤུགས་འདོན་ས་གལ་ཆེན་ཡིན་པས་ངེས་པར་དུ་གསར་གཏོད་གྱི་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་བསྟན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དུ་བྱེད་པ་དང་། རྣམ་པ་གསར་བའི་རྒྱལ་ཡོངས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། སྔོན་ཐོན་ལག་རྩལ་དང་མགོ་རྟིང་སློག་པ་ལྟ་བུའི་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་མུ་མཐུད་སྲ་བརྟན་དུ་གཏོང་དགོས།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྒོ་འབྱེད་དང་དྲང་གཞག དྲང་བདེན། མཐོང་ཆུང་མི་བྱེད་པའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ། ལག་རྡང་སྦྲེལ་ནས་འཛམ་གླིང་ཧྲིལ་བོའི་ཚན་རྩལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། གཅིག་ནི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་གསར་བ་མཉམ་དུ་བསྐྲུན་རྒྱུ་དེ་ཡིན། གཉིས་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་མཉམ་དུ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏང་རྒྱུ་དེ་ཡིན། གསུམ་ནི་ཚན་རྩལ་ཐད་ཀྱི་གནད་དོན་གལ་ཆེན་མཉམ་དུ་ཐག་གཅོད་བྱ་རྒྱུ་དེ་ཡིན།

མགོ་རྩོམ་མཛད་སྒོའི་རྗེས་སུ། ཏེན་ཞུའེ་ཞང་གིས་ཀྲུང་ཀོན་སྡེ་བའི་འགྲེམ་སྟོན་ལྟེ་གནས་སུ་དུས་རྒྱུན་གྱི་འགྲེམ་སྟོན་ལ་བལྟས་པ་དང་ཚན་རྩལ་མི་སྣ་དང་མཉམ་དུ་བརྗེ་རེས་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་ཁེ་ལས་ཀྱི་འགན་ཁུར་མི་སྣ། སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་མི་ཆིག་སྟོང་ལྷག་མགོ་རྩོམ་མཛད་སྒོར་ཞུགས།

མི་ཕམ་མགོན་པོས་བསྒྱུར།