རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་གྲོལ།
2024.04.27 ཁུངས། ཀློག་གྲངས། 19

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཚེས26ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ། བསླབ་གནས་བཅའ་ཁྲིམས་དང་སྒོ་ཁྲལ་བཅའ་ཁྲིམས། ཞིང་ལས་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་དང་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་བཅས་ལ་བཟོ་བཅོས་རྒྱག་པའི་ཆོད་དོན་ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་རྒྱ་ཉེར་གཉིས་པ་དང་ཉེར་གསུམ་པ། ཉེར་བཞི་པ་བཅས་ལ་མཚན་བཀོད་ནས་ཁྱབ་སྒྲོག་མཛད། ཀྲའོ་ལི་ཅི་ཡིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཚེས26ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཀྲའོ་ལི་ཅི་ཡིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་མཛད། 

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྒྱ་དང་རེ་དྲུག་གྲོས་ཚོགས་ལ་ཞུགས་ཡོད། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། 

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་ཉེས་དོན་ཁྲིམས་འཛིན་རོགས་རེས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་ལ་གྲོས་འཆམ་བྱུང་། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཧའོ་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལེ་ཐིས་ཀྲ་ཁི་ཨར། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་པ་སྤེལ། ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་གླིང་རྩིས་འཕྲུལ་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སུན་ཉིན་ཧོས་ཀྱིས་ཁ་ཡིག་ལ་མིས་བཟོས་རིག་ནུས་དང་རིག་ནུས་རྩིས་རྒྱག་གི་འཕེལ་རྒྱས་ཞེས་པའི་འཆད་ཁྲིད་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།