ལིས་ཞི་ཡིས་ཅང་སུའུ་རུ་རྟོག་ཞིབ་གནང་།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས22ཉིན་ནས་ཚེས25ཉིན་བར་ཅང་སུའུ་རུ་རྟོག་ཞིབ་གནང་།  ཁོང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་།   ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནན་མོར་སྤེལ་བ།   ཁྲིམས་བསྟར་བྱེད་ནུས་མཐོར་འདེགས་སུ་གཏོང་བ།    ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་དང་སྲུང་སྐྱོང་གཉིས་བློ་ཐག་རྦད་ཆོད་སྒོས་སྒྲུབ་དགོས་ཞེས་བསྟན།

ལིས་ཞི་ནན་ཅིན་སློབ་ཆེན་དུ་ཕེབས་ནས།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད།  བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་པའི་བསམ་འཆར་དང་གྲོས་གཞི་ལ་གསན།  ཁོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་།   ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའང་ཡིན།   མཐོ་རིམ་སློབ་གྲྭ་ནི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས་མཐོ་རིམ་སློབ་གསོའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་ཐད་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།   ཏང་སྲོལ་ཏང་ཁྲིམས་ལ་དོ་སྣང་མི་བྱེད་པ་དང་རྒྱུས་ལོན་མེད་པའི་གནད་དོན་ལ་དམིགས་ཏེ་ཏང་ཡོན་དགེ་ སློབ་རྩ་འཛུགས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་སོགས་བྱས་ཏེ་སྲོལ་བརྩི་ཁྲིམས་བསྲུང་སེམས་སུ་འཇགས་པར་བྱེད་དགོས།    ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་དམ་པོ་བྱེད་རྒྱུ་གཙོར་འཛིན་པ་དང་། ཏང་གི་མཐོ་རིམ་སློབ་གྲྭའི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ།   སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐོ་རིམ་སློབ་གྲྭ་ནས་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས།   ཏང་གཤིས་ཏང་སྲོལ་ཏང་ཁྲིམས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  སློབ་སྲོལ་སྦྱངས་སྲོལ་དང་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ།   རུལ་སུངས་འབྱུང་བའི་ཆ་རྐྱེན་མེད་པར་གཏོང་བ་སོགས་བྱས་ཏེ་སྤྱོད་གཙང་སྲོལ་བཟང་གི་མི་སྐྱོང་ཁོར་ཡུག་བསྐྲུན་དགོས།   མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས།  བཅའ་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ཞེས་བསྟན།

ནན་ཅིན་གྲོང་ཁྱེར་ལིའུ་ཧི་ཆུའུ་ཧྲི་ཀྲུའུ་ལིན་གཞིས་ཁུལ་སོགས་སུ་ལིས་ཞི་ཡིས་ལས་བྱེད་པ་དང་མང་ཚོགས་བར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ།  སྤྱོད་གཙང་སྒྲིག་གཅུན་གྱིས་རུལ་སུངས་ལ་རྒོལ་བའི་བསམ་འཆར་དང་གྲོས་གཞི་ལ་གསན།  ཁོང་གིས་ཏང་གི་མང་ཚོགས་སྒྲིག་ཁྲིམས་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དང་།   ཏང་གིས་སྲིད་འཛིན་གཞི་རྩ་ཇེ་བརྟན་དུ་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་མང་ཚོགས་ཉེ་འགྲམ་གྱི་སྲོལ་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་ལེགས་བཅོས་བྱེད་རྒྱུ་དེ་ནུས་ཡོད་ཟུང་འབྲེལ་བྱས་ནས་སྟོབས་ཤུགས་ཡོད་རྒུས་རུལ་སུངས་གནད་དོན་ཐག་གཅོད་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་།   ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་མང་ཚོགས་ཀྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་བཟང་བོ་དོན་འཁྱོལ་ནན་མོ་བྱེད་དགོས།   ནན་ཅིན་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་སུ་ལིས་ཞི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་ཆབ་སྲིད་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་བཟང་བོ་བྱེད་པ་དང་།  ཏང་ཀྲུང་དབྱང་གི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས་ཞེས་བསྟན།   ལིས་ཞི་ད་རུང་ཀྲུང་གོའི་དེང་རབས་ལོ་རྒྱུས་ཤུལ་བཞག་དངོས་མང་བཤམས་སྟོན་ཁང་དང་ཕེན་ཧྲན་ཐང་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་སུ་ཕེབས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྤྱོད་གཙང་གི་བསམ་བློ་དར་སྤེལ་བཏང་སྟེ་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་གནང་སྐབས།  ལིས་ཞི་ནན་ཅིན་ཡུས་ཧྭ་ཐེ་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་སྔོན་གཤེགས་དཔའ་བོའི་ཚོགས་བརྐོས་དང་རྗེས་དྲན་རྡོ་རིང་ལ་གཟིགས་པ་དང་།   སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་། ཏང་ལ་བློ་དཀར་བར་བྱས་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་པའི་བླང་བྱ་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།