ཉེ་སྔོན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། སྲུང་སྐྱོབ་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པའི་ཁྲོད་ལེའུ་གསར་པ་བྲིས་ཏེ། འགན་སྒྲུབ་ཁག་ཁུར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྲུང་སྐྱོབ་ཆེན་མོར་སྐུལ་འདེད་གཏོང་ན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་ལག་བསྟར་བྱེད་པ་དང་བཟོ་སྐྲུན་གལ་ཆེན་སླར་གསོ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་འགོག་ར་བརྟན་པོར་འཛུགས་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྒོ་འབྱེད་ཆེན་མོར་སྐུལ་འདེད་གཏོང་ན། རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ་དང་། སྔར་ལས་རང་འགུལ་གྱིས་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་སྦྲེལ་མཐུད་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱི་ནང་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་གསོན་ཤུགས་སྣོན་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ཐོན་ལས་ཀྱི་གནས་བཞི་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་མྱུར་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པ། ལྗང་མདོག་རྩིས་ཤུགས་ཐོན་ལས་གསར་སྐྲུན་བྱས་ཏེ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་འགྲིག་མཐུན་དང་ཆོས་ལུགས་ཞི་འཇམ། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དང་སྐམ་དམག་གསོ་རིག་སློབ་ཆེན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། གྲོང་ཁྱེར་བཅོས་སྐྱོང་དང་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་སོགས་ལས་འགན་གཙོ་བོ་དམ་འཛིན་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་གསར་རྙིང་བརྗེ་བའི་བྱ་བར་སྐུལ་འདེད་གཏོང་བའི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་གསར་རྙིང་བརྗེ་བའི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བྱ་བའི་རྩ་དོན་གཏན་ཁེལ་གསལ་བོ་བྱེད་པ། གཙོ་རྒོལ་ཁ་ཕྱོགས་འབུར་དུ་ཐོན་པར་བྱེད་པ། སྐུལ་སྤེལ་ཚད་རིམ་ཁོང་དུ་ཆུད་པར་བྱེད་པ། སྲིད་ཇུས་ཀྱི་མཉམ་ཤུགས་གྲུབ་པར་བྱེད་པ། ལག་བསྟར་ཐད་རྩ་འཛུགས་ཞིབ་མོ་བྱེད་པ། སྒྲིག་ཆས་གསར་དུ་བརྗེ་བ་དང་འཛད་སྤྱོད་དངོས་རྫས་གསར་དུ་བརྗེ་བ། ཕྱིར་བསྡུ་འཁོར་རྒྱུག་བེད་སྤྱོད་དང་ཚད་གཞི་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཆེན་པོ་བཞི་དམ་འཛིན་བྱས་ནས། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྲུན་དང་ཤར་གྲངས་ནུབ་རྩིས་དང་ནུབ་གསོག ནུབ་སྦྱོང་སོགས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། མཉམ་ཤུགས་གཅིག་ཏུ་བསྡུས་ནས་མཐོ་གནས་སྐུལ་སྤེལ་བྱེད་པ། ཚོང་འགུག་གནད་ལ་འཁེལ་བ་བྱེད་པ་དང་མཆོང་བརྒལ་བརྩོན་ལེན་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་གཏིང་ཟབ་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་དེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་གསར་པ་རུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བའི་ལག་བསྟར་རྩ་གནད་དང་མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཚོང་འགུག་དངུལ་གཏོང་དོ་དམ་བྱེད་ཐབས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།