མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་ཁྲིད་ནས་སྟོང་སྐོར་རྫོང་དུ་རྟོག་ཞིབ་བྱས།
2024.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཆེད། ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་ཁྲིད་ནས་མཚོ་སྔོན་ཙོང་ཆུའི་འགག་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟིར་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏཱ་ཡེ་མཉམ་དུ་རྟོག་ཞིབ་ལ་སོང་།

མགོན་པོ་བཀྲ་ཤིས་སོགས་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཐོན་སྐྱེད་ཀྱི་གནས་ཚུལ་ལ་བལྟས་པ་དང་འཕེལ་རྒྱས་ཀྱི་གནད་དོན་དྲིས། ཁེ་ལས་ཀྱི་འགན་ཁུར་པ་དང་མཉམ་དུ་གཏིང་ཟབ་པའི་གླེང་མོལ་བྱས་ཏེ། སྲན་མའི་ཐོན་སྐྱེད་ཚོང་གཉེར་དང་ཐོན་ལས་གསར་སྤེལ། ཕྱིར་འཚོང་གནས་ཚུལ། དེ་མིན་མ་འོངས་པའི་འཕེལ་རྒྱས་བསམ་ཕྱོགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ནན་ཏན་གྱིས་སྟོང་སྐོར་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཁེ་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་རེ་བར་ཉན་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་ཁག་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་ལ། ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་པ། རང་འགུལ་སྒོས་འཆར་འགོད་བྱེད་པར་སྐུལ་མ་བཏང་སྟེ། རྒྱུན་ཆད་མེད་པར་ལག་རྩལ་ཆུ་ཚད་མཐོར་འདེགས་དང་ཐོན་ནུས་ཕན་འབྲས་རྒྱ་བསྐྱེད་པ། ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་དེ་ཧུར་ཐག་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གསར་བསྐྲུན་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དངོས་ཕུང་དཔལ་འབྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་སྟོབས་ཤུགས་ཡིན་པ་དང་། སྟོང་སྐོར་རྫོང་གིས་ཤུགས་ཆེན་པོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དངོསའ་བེབས་བྱེད་པའི་འགུལ་སྐྱོད་དུ་བསྒྱུར་ནས། ཤུགས་ཆེན་པོས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་དང་རྒྱུན་ཆད་མེད་པར་ཞབས་ཞུའི་འདུ་ཤེས་ཇེ་དྲག་གཏོང་བ་དང་། ཧུར་ཐག་སྒོས་ཁེ་ལས་ཀྱི་ལ་གཏིང་ཟབ་ཅིང་ཆུ་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱས་ནས། སྔར་ལས་བཟང་བའི་ཁོར་ཡུག་དང་། སྔར་ལས་ཆེ་བའི་གར་སྟེགས་གསར་སྐྲུན་བྱས་ནས་ཁེ་ལས་སྟོབས་ལྡན་དུ་གཏོང་བར་རོགས་འདེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཐོན་ལས་གནས་བཞིའི་འཛུགས་སྐྲུན་གཙོར་བཟུང་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བཔའཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་ཁག་ཁུར་མངོན་པར་བྱེད་པ་དང་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།