ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལས་རྣམ་གསར་པའི་ངལ་རྩོལ་པའི་འཁྲབ་སྟོན་བྱེད་སྒོ་སྤེལ།
2024.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ་སྟེ། བློ་སྒྲིལ་སེམས་བསྐྱེད་སྒོས་ཏང་གི་རྗེས་སུ་འབྲངས། སྐྱོད་ལམ་གསར་བར་མཐུན་སྒྲིལ་འབད་འཐབ་བྱེད་ཅེས་པའི་ལས་རྣམ་གསར་པའི་ངལ་རྩོལ་པའི་འཁྲབ་སྟོན་བྱེད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སྤེལ་མགོ་བརྩམས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཝང་ཅིན་ཀྲའེ་བྱེད་སྒོར་ཞུགས།

བྱེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་དང་ལག་བསྟར་བྱས་ཏེསྐྱེ་ཁམ། ས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བརྗོད་དོན་དུ་བྱས་ནས་དཔྱིད་རླུང་དྲོན་མོ་དང་། རེ་བ་དང་བརྩེ་སེམས། ངར་ཤུགས་འཛོམས་པའི་སེམས། འབད་འཐབ་ཀྱི་བསམ་པ། འབྱུང་འགྱུར་འཚོལ་སྙེག་བྱེད་པ་ཞེས་པའི་ལེའུ་ལྔ་རུ་བགོས་ནས་དུས་རབས་ཀྱི་ཁྱད་ཆོས་དང་ངལ་རྩོལ་གྱི་ཁྱད་ཆོས། འཚོ་བའི་ཉམས་སྣང་མཚོན་པའི་ལེ་ཚན་གྱིས་ལས་རྣམ་གསར་པའི་ངལ་རྩོལ་པའི་འཚོ་བ་ལ་དགའ་ཞེན་ཡོད་པ་དང་དཀའ་བ་ཁྱད་དུ་བསད་ནས་ངལ་རྩོལ་གྱི་ལས་ལ་གཞོལ་བ། སྤོབས་སེམས་ཆེན་པོས་ཡར་བརྩོན་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། ཕུགས་འདུན་འཚོལ་སྙེག་བྱེད་པའི་དུས་རབས་ཀྱི་ཁྱད་གཤིས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས། བྱེད་སྒོས་རྒྱ་ཆེའི་ལས་རྣམ་གསར་པའི་ངལ་རྩོལ་པ་རྣམས་ལ་ས་གནས་ཀྱི་བརྩེ་སེམས་དང་གཅེས་སྐྱོང་ཚོར་བར་བྱས་ལ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་དང་བརྗོད་དོན་འབུར་དུ་ཐོན་པར་བྱེད་པ། དྲང་ནུས་དར་སྤེལ་བཏང་བར་བརྟེན་ནས་ངལ་རྩོལ་དུས་ཆེན་ལ་བསུ་མ་བྱེད་པ་དང་མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བའི་རྣམ་པ་གྲུབ་པར་བྱས།

ལས་རྣམ་གསར་པ་དར་རྒྱས་སུ་སོང་བ་བསྟུན་ནས་རང་རེའི་ཞིང་ཆེན་གྱི་ལས་རྣམ་གསར་པའི་ངལ་རྩོལ་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བདུན་བཟོ་ཚོགས་རྩ་འཛུགས་སུ་ཞུགས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་འཛུགས་ཀྱིས་བཟོ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་ལས་བཟོ་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་རྩལ་ནུས་འགྲན་སྡུར་སྤེལ་བ་དང་ཕུལ་བྱུང་གི་དཔེ་གཞི་བདམས་ནས་མིག་མཐོང་ལག་ཟིན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་རྣམ་གསར་པའི་ངལ་རྩོལ་པས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་དུས་རབས་གསར་པར་འབད་འཐབ་བྱེད་པར་སྐུལ་འདེད་བཏང་།