ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་དང་བློ་སེམས་གཅིག་མཐུན་དང་ཏང་གི་རྗེས་སུ་འབྲངས་ནས་འབད་བརྩོན་ལྷོད་མེད་དང་སྒེར་སེམས་མེད་པར་བློས་གཏོང་བྱས་ཏེ། བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་བའི་གཟི་དཔལ་འབྲི་བ་དང་གསར་གཏོད་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་གི་འབྱུང་འབྱུར་བསྐྲུན་དགོས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་མི་སྣའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་གཅེས་ལས་བཀུར་དང་གསར་གཏོད་གསར་སྐྲུན་བྱས་ནས་དཔའ་ངར་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ལུས་སེམས་ཕུལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་པ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་གཅེས་སྐྱོང་དང་སེམས་ཁུར་བྱས་ནས་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པ་དང་སྲུང་སྐྱོང་བཟང་པོ་བྱེད་པ། འཕེལ་རྒྱས་བཟང་པོ་ཡོང་བར་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་འབད་པ་ཆེན་པོས་ངལ་རྩོལ་དང་ངང་རྒྱུད་བཟང་པོས་ངལ་རྩོལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་ཁྲོད་ཕུགས་འདུན་འགྲུབ་པར་སྐུལ་མ་གཏོང་དགོས་པའི་ཐུགས་རེ་བཏོན།