《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་པོད་གཉིས་པ་པར་འགྲེམ་བྱས།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། 《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་པོད་གཉིས་པ་ཀྲུང་གོའི་ན་གཞོན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

2020ལོའི་ཟླ11པའི་ནང་། 《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་དེབ་དཔེ་སྐྲུན་འགྲེམ་སྤེལ་བྱས་རྗེས། དཔེ་དེབ་དེས་རྒྱ་ཆེའི་ན་གཞོན་སློབ་མ་ཚོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བསླངས། 《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་པོད་གཉིས་པས་སྔར་ཡོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། བཅར་འདྲིའི་དངོས་བྲིས་ལེ་ཚན24བརྒྱུད་དེ། བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་དང་ཀྲུང་དབྱང་དུ་ཕྱག་ལས་གནང་སྐབས། མཐོ་རིམ་སློབ་ཆེན་ལ་རྟོག་ཞིབ་གནང་བ་དང་སློབ་ཆེན་སློབ་མར་ཐུགས་ཁུར་ཟབ་བཞེས་གནང་བ་དང་མཛུབ་སྟོན་གང་ལེགས་གནང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སློབ་ཆེན་སློབ་མ་འཚར་ལོངས་བྱུང་ནས་འཇོན་མི་རུ་འགྱུར་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་བ་དང་ཐུགས་ཁུར་ཆེན་པོ་གནང་ནས། དེས་ང་ཚོར“ན་གཞོན་གྲོགས་པོ་ཚོའི་བློས་ཐུབ་ཀྱི་མི་སྣ་དང་ན་གཞོན་ལས་དོན་གྱི་ལྷག་བསམ་ཅན། གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ”བཅས་བྱེད་དགོས་པའི་དཔེ་མཚོན་གསོན་ཉམས་ལྡན་པ་ཞིག་བསྟན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།