《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དེབ་ཀྱི་ཧྥ་རན་སིའི་པར་གཞི་པར་འགྲེམ་བྱས།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དེབ་ཀྱི་ཧྥ་རན་སིའི་པར་གཞི་དེ། ཉེ་ལམ། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་ཏེ་དངོས་སུ་འགྲེམ་སྤེལ་བྱས།

《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དེབ་དེ་ནི། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེབ་དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2023ལོའི་ཟླ10པའི་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཏེ་བཏོན་པའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དེབ་དེའི་ཧྥ་རན་སིའི་པར་གཞི་དང་ཅང་མ་འགོར་བའི་སྔོན་ལ་པར་སྐྲུན་བྱས་པའི་དབྱིན་ཡིག་གི་པར་གཞི་དེ་གཉིས་ནི། ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་བསྐྱོད་པ་དང་། མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་བསྐྲུན་པ། དེང་རབས་ཅན་གྱི་དཔེ་དབྱིབས་གསར་པ་བཏོད་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ། རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་སྐྱོད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་གྱི་ཐུན་མོང་ངོས་འཛིན་མངོན་འགྱུར་ཡོང་བའི་ཐད་དོན་སྙིང་ཆེན་པོ་ལྡན།

བན་དེ་སྐྱབས་ཀྱིས་བསྒྱུར།