ཟླ5པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅེ་ལིས་མེས་ཡ་མཱ་ནེ་ལེ་ལ་གློག་འཕྲིན་བཏང་ནས་ཁོས་སོ་ལོ་མོན་གླིང་ཚོམ་སྲིད་གཞུང་གི་ཙུང་ལི་ཡི་འགན་འཁུར་བར་རྟེན་འབྲེལ་ཞུས།
ལིས་ཆང་གིས་ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་གཉིས་ནི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་དཔུང་རོགས་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་འགོར་བའི་རིང་། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཕན་ཚུན་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་རྟོན་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གྱུར་ཞིང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་བར་གྱི་འབྲེལ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་ཀྱིན་ཡོད་དེ། ངས་ཁྱོད་དང་ཁྱོད་ཀྱིས་འགོ་ཁྲིད་བྱེད་པའི་སོ་ལོ་མོན་གླིང་ཚོམ་གྱི་སྐབས་གསར་བའི་སྲིད་གཞུང་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། མཛའ་མཐུན་བརྗེ་རེས་གོང་སྤེལ་གཏོང་བ་དང་། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་བར་གྱི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་དཔུང་རོགས་འབྲེལ་བ་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ལྷ་མོ་འཚོས་བསྒྱུར།