ཞི་ཅིན་ཕིང་ཀྲུང་གོ་དང་ཧྥ་རན་སི། ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 127

ས་དེའི་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རེ་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།     

ས་དེའི་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།     

ས་དེའི་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རརེ་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།   

ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རེ་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།    

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་གྱིན་ཡོད།    ཡོ་རོབ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་རེ་བ་བཅངས་ཡོད།     དེང་སྐབས་འཛམ་གླིང་ཟང་ཟིང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད་པས། ཀྲུང་གོ་དང་ཡོ་རོབ་ནི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་ངོས་ནས་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་དང་།    མཉམ་ལས་རྒྱུན་འཁྱོངས་བྱེད་པ།    འཐབ་ཇུས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ།    འཐབ་ཇུས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ།    འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ།    འཐབ་ཇུས་མཉམ་ལས་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་གསར་པ་འཇོག་དགོས།

ས་དེ་འི་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།    

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ནང་གནས་སྒུལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པས། ཕྱོགས་གསུམ་པར་དམིགས་པ་དང་བརྟེན་པ།    ཚོད་འཛིན་མི་ཐེབས་པར་བྱེད་དགོས་ལ། ཡོ་རོབ་མནའ་འབྲེལ་གྱི་སྒྲིག་གཞིས་ཀྲུང་གོར་ངོས་འཛིན་ཡང་དག་བྱས་ནས། ཀྲུང་གོར་འཛིན་པའི་སྲིད་ཇུས་ཧུར་ཐག་གིས་བཟོ་རྒྱུའི་རེ་བ་ཡོད།     ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་དགོས།     ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འགོ་ཁྲིད་པའི་ཐུག་འཕྲད་གནང་བ་དང་དེ་བཞིན་འཐབ་ཇུས་དང་།    དཔལ་འབྱོར་ཚོང་དོན།    ལྗང་མདོག གཞི་གྲངས་མཐོ་རིམ་གྲོས་མོལ་བཅས་ལ་གྲ་སྒྲིག་ཡག་པོ་བྱས་ནས། བརྟན་བརླིང་དང་ཕན་ཚུན་ཡིད་ཆེས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་རོགས་རེས་འབྲེལ་བ་བསྐྲུན་དགོས།     ཀྲུང་གོས་ཡོ་རོབ་རྒྱལ་ཁབ་ལ་ཆོག་མཆན་མི་དགོས་པའི་སྲིད་ཇུས་དང་ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ཡོང་བར་སྟབས་བདེའི་བཀོད་སྒྲིག་ཡག་པོ་བྱས་ནས། དམངས་ཁྲོད་དང་ས་གནས་བར་གྱི་འགྲོ་འོང་དང་།    སློབ་གསོ་དང་ཚན་ཞིབ་མཉམ་ལས་བཅས་ལ་སྐུལ་མ་གཏོང་བ།    ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་དང་གླེང་ཕྱོགས་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ནུས་ཁུངས་གསར་བའི་ཐོན་ལས་ཀྱིས་སྒོ་འབྱེད་འགྲན་རྩོད་ཁྲོད་འཇོན་ཐང་ངོ་མ་སྦྱོང་བརྡར་བྱས་ཡོད་པ་དང་། དེའི་སྔོན་ཐོན་གྱི་ཐོན་ནུས་མཚོན་གྱིན་ཡོད་པས། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། འཛམ་གླིང་ཧྲིལ་པོའི་དངུལ་ལོར་ཚད་བརྒལ་འགྲེམས་པའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད།    འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ལྗང་མདོག་ཚུལ་སྒྱུར་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།   ལེགས་ཆ་བསྡུར་བ་དང་འཛམ་གླིང་ཧྲིལ་པོའི་ཁྲོམ་རའི་དགོས་མཁོའི་ཐད་གང་ལ་བལྟས་ན་ཡང་།    “ཀྲུང་གོའི་ཐོན་ནུས་ལྷག་དྲགས་པའི་གནད་དོན”འབྱུང་གིན་མེད།     ཀྲུང་གོ་དང་ཡོ་རོབ་བར་མཉམ་ལས་བྱེད་པའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་།    ཕྱོགས་གཉིས་པོར་ལྗང་མདོག་དང་གྲངས་འཛིན་ཕྱོགས་སྒྱུར་ཁྲོད་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་པོས་ཁ་བརྡ་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས། ཕྱོགས་གཉིས་པོས་ལུགས་མཐུན་ངང་དོ་ཁུར་བྱེད་པར་ལྟ་རྟོག་བྱེད་དགོས་ཞེས་གསུངས།

ས་དེའི་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཕ་རེ་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི།    ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས།    ཞི་ཅིན་ཕིང་གིས་མཱ་ཁི་ལུང་ལ་ཕྱག་འཇུ་གནང་བཞིན་པ།  

མཱ་ཁི་ལུང་གིས་བསྟན་དོན། ད་ལོ་ནི་ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན་པ་དང་། ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད།      ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་ཕེབས་ནས་ཧྥ་རན་སི་དང་ཀྲུང་གོ།  ཡོ་རོབ་བཅས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་ཐུག་འཕྲད་གནང་བར་ཧ་ཅང་དགའ་པོ་བྱུང་།     འདི་ནི་དེ་སྔའི་ཧྥ་རན་སི་དང་ཀྲུང་གོ། ཡོ་རོབ་བར་གྱི་འགོ་ཁྲིད་པའི་ཐུག་འཕྲད་སྔོན་མ་དག་གི་རྒྱུན་མཐུད་པ་ཞིག་ཡིན་ལ། རྒྱལ་སྤྱིའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་རེད།     མིག་སྔར་འཛམ་གླིང་འགྲན་སློང་གལ་ཆེན་ལ་འཕྲད་ཡོད་པ་དང་རྒྱལ་སྤྱིའི་གནས་བབ་གནད་འགག་གི་དཀྱོག་མཚམས་སུ་གནས་ཡོད།    ཧྥ་རན་སི་དང་ཡོ་རོབ་མནའ་འབྲེལ་གྱིས་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དེ་ནི་ཡོ་རོབ་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད།     ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གྲོལ་མོལ་མཉམ་ལས་ལ་ཤུགས་བསྣན་ཏེ། ཧྥ་རན་སི་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་ཡིད་ཆེས་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཡོ་རོབ་ཕྱོགས་ཀྱིས་འབྲེལ་ཐག་གཅོད་རྒྱུ་དེ་ཁས་ལེན་མི་བྱེད་པར་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་དངུལ་གཏོང་མཉམ་ལས་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ་ཡོ་རོབ་ཀྱི་རིན་ཐང་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོང་བྱ་འདོད་ཡོད།     ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས།

ཧྥིན་ཏི་ལའེ་ཨེན་གྱིས་བསྟན་དོན། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་བཟང་།    སང་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་རེད།     འཛམ་གླིང་ཧྲིལ་པོའི་ལས་དོན་ཁྲོད་ཀྲུང་གོས་གནས་བབ་དང་ནུས་པ་གལ་ཆེན་ཟིན་ཡོད་པ་དང་། ཀྲུང་གོ་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡོ་རོབ་མནའ་འབྲེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། གནམ་གཤིས་འགྱུར་ལྡོག་དང་ཝུའུ་ཁི་ལན་ཉམས་ཉེན་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་སྔར་ལས་ལེགས་པོ་འཇལ་ཐུབ་མིན་ཡང་ཐག་གཅོད་བྱ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་།    མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ།    གོ་ནོར་མི་ཐེབས་པ།    རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས།    དར་སྤེལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད།     ཡོ་རོབ་ཕྱོགས་ཀྱིས་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཐད་ཀྲུང་གོས་འབད་བརྩོན་བྱས་ཏེ་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པ་དང་།    རང་ངོས་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་ཁས་ལེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་ལྷག་བསམ་ཟོལ་མེད་ངང་གྲོས་མོལ་བྱས་ནས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས།

ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་ལ་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི། ཡོ་རོབ་བཅས་ཚང་མས་འཁྲུག་རྩོད་མཚམས་འཇོག་པ་དང་། ཡོ་རོབ་ཞི་བདེ་སླར་གསོ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།     ང་ཚོས་དམག་འཁྲུག་གི་དོན་དག་ཁྱབ་ཆེ་རུ་འགྲོ་བར་ཐུན་མོང་གིས་ངོ་རྒོལ་དང་།    ཐུན་མོང་གིས་ཞི་བའི་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་ནས། རྒྱལ་སྤྱིའི་ནུས་ཁུངས་དང་འབྲུ་རིགས་བདེ་འཇགས། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་ཡོང་བར་ཐུན་མོང་གིས་སྲུང་སྐྱོང་བྱ་དགོས།     ཀྲུང་གོ་ཕྱོགས་ནི་ཝུའུ་ཁི་ལན་ཉམས་ཉེན་བཟོ་མཁན་དང་དེ་འབྲེལ་གྱི་ཕྱོགས་མིན་པར་ཐོག་མཐའ་བར་གསུམ་དུ་ཞི་བདེའི་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འབུལ་མཁན་ཡིན།     ཀྲུང་གོ་ཕྱོགས་ཀྱི་དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་དང་དགེ་མཚན་ལྡན་པའི་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བཞིན་ཡོད།     ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་ལ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཕྱོགས་ཡོངས་ནས་འཐབ་འཁྲུག་མཚམས་འཇོག་དགོས་པ་དང་།    གལ་ཆེའི་ནང་གི་འགངས་ཆེན་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འགན་ལེན་བྱ་རྒྱུ་དང་།    རྩ་བའི་བགྲོད་ལམ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལི་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་དང་ལེན་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།   ཀྲུང་གོ་དང་ཡོ་རོབ་ལ་ཕ་ལི་སི་ཐན་དང་དབྱི་སི་རལ་གྱིས་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་གཞི་ཁྱོན་སྔར་ལས་ཆེ་བ་དང་།    དབང་གྲགས་སྔར་ལས་ཆེ་བ། ཕན་འབྲས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་མགྱོགས་མྱུར་ངང་བསྡུ་རྒྱུར་རྒྱབ་སྐྱོར་བྱས་ནས། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་གཏན་འབེབས་བྱས་ཏེ། ཕ་ལི་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་།    དྲང་གཞག ཡུན་བརྟན་བཅས་སྔ་ཙམ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

འགོ་ཁྲིད་གསུམ་པོས་བལྟས་ན། ཐེངས་འདིའི་ཕྱོགས་གསུམ་གྱི་ཐུག་འཕྲད་ལས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་ཕྱིན་པ་དང་།    མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ལ།    གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་གསལ་བར་བྱས་ཡོད་པས།  མུ་མཐུད་དུ་ཐུན་མོང་གིས་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་འདོད། 

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།