ཞི་ཅིན་ཕིང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་གྲོལ་བའི་མཛད་སྒོར་ཞུགས།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་རེ་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་གྲོལ་བའི་མཛད་སྒོར་ཞུགས་པ་དང་། ཁ་ཡིག་ལ་སྔ་འཛིན་ཕྱི་གཏོད་དང་ལག་རྡང་མཉམ་འབྲེལ་གྱིས་ཀྲུང་གོ་དང་ཧྥ་རན་སིའི་དུས་རབས་གསར་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ། 

ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་རེ་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་གྲོལ་བའི་མཛད་སྒོར་ཞུགས་པ་དང་། ཁ་ཡིག་ལ་སྔ་འཛིན་ཕྱི་གཏོད་དང་ལག་རྡང་མཉམ་འབྲེལ་གྱིས་ཀྲུང་གོ་དང་ཧྥ་རན་སིའི་དུས་རབས་གསར་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན། མི་ལོ་དྲུག་ཅུ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་སྐར་རྩིས་རིག་པའི་ཁྲོད་རབ་བྱུང་གཅིག་གི་འཁོར་ཚུལ་ཡིན་ལ། སྔ་མཐུད་ཕྱི་འདྲེན་དང་སྔ་འཛིན་ཕྱི་གཏོད་མཚོན་ཡོད། མི་ལོ་དྲུག་ཅུའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་ནི་བློས་ཐུབ་ཀྱི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་རང་བཙན་རང་ཚུགས་དང་ཕན་ཚུན་རྒྱུས་ལོན། མཐོ་གཟིགས་རྒྱང་ལྟ། མཉམ་ལས་མཉམ་རྒྱལ་གྱི་ཕྱི་འབྲེལ་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་ནས་རིག་གནས་མི་འདྲ་བ་དང་སྒྲིག་སྲོལ་མི་འདྲ་བ། འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ཡར་སྐུལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དཔེ་མཚོན་བསྐྲུན་ཡོད། མི་ལོ་དྲུག་ཅུའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་རྒྱལ་གྱི་ཟླ་གྲོགས་ཡིན། ཀྲུང་གོ་ནི་ཧྥ་རན་སིའི་ཡོ་རབ་ལས་འདས་པའི་ཚོང་དོན་ཟླ་གྲོགས་ཆེས་ཆེན་པོར་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་མཉམ་གནས་ཀྱི་འབྲེལ་བ་ཆགས་ཡོད།

ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་རེ་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་གྲོལ་བའི་མཛད་སྒོར་ཞུགས་པ་དང་། ཁ་ཡིག་ལ་སྔ་འཛིན་ཕྱི་གཏོད་དང་ལག་རྡང་མཉམ་འབྲེལ་གྱིས་ཀྲུང་གོ་དང་ཧྥ་རན་སིའི་དུས་རབས་གསར་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཤར་ཕྱོགས་ཤེས་རིག་གི་འཐུས་ཚབ་གལ་ཆེན་ཡིན་ལ། ཧྥ་རན་སི་ནི་ནུབ་ཕྱོགས་ཤེས་རིག་གི་འཐུས་ཚབ་གལ་ཆེན་ཡིན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་ས་གནས་ཆབ་སྲིད་ཐད་ཀྱི་འགལ་བ་མེད་ལ། ཁེ་ཕན་ཐད་ཀྱི་འགལ་རྩོད་ཀྱང་མེད། ཡོད་པ་ནི་རང་བཙན་རང་ཚུགས་སྙིང་སྟོབས་ཐད་ཀྱི་ཐུན་མོང་གི་འདུ་ཤེས་དང་བཀྲག་མདངས་འཚེར་བའི་ཤེས་རིག་གི་འགུག་ཤུགས་དེ་ཡིན་ལ། དེ་ལས་ལྷག་པ་ནི་ཁེ་ཕན་སྔར་ལས་རྒྱ་ཆེ་བའི་དངོས་གཉེར་མཉམ་ལས་ཡིན་པས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་མི་གཏོང་བའི་རྒྱུ་མཚན་ཅི་ཡང་མེད། མིའི་རིགས་འཕེལ་རྒྱས་ཀྱི་བཞི་མདོ་ནས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་ཁ་གཏོད་དུས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་བརྗེ་རེས་མཉམ་ལས་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བ་དང་གྲུབ་འབྲས་གལ་ཆེན་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།

མ་འོངས་པར་དམིགས་ནས། ང་ཚོ་ཧྥ་རན་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་ཉོ་ཚོང་ནང་དོན་ཇེ་ཟབ་ཏུ་གཏོང་རྒྱུར་འཐད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྥ་རན་སི་དེ་སྔོན་གྲལ་དུ་འཇོག་པ་དང་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཞིག་ཏུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་འབྲེལ་བའི་ཟབ་ཚད་དང་ཁྱབ་རྒྱ་ཆེ་རུ་བསྐྱེད་པར་འབད་འབུངས་བྱེད་རྒྱུ་མ་ཟད། ཁྱབ་ཁོངས་གསར་པ་འབྱེད་པ་དང་། རྣམ་པ་གསར་པ་གཏོད་པ། འཕར་གནས་གསར་པ་བསྐྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་ཞིང་ལས་ཐོན་རྫས་ཀྲུང་གོའི་ཟས་ཅོག་སྟེང་ཐོན་པའི་ཕྱོགས་ཡོངས་ཕྲེང་འབྲེལ་གྱི་མགྱོགས་མྱུར་མཐུན་སྦྱོར་རྐྱེན་སྲོལ་མུ་མཐུད་བེད་སྤྱོད་གང་ལེགས་བྱེད་རྒྱུར་འཐད་པ་ཡིན་ཞིང་།  ཆུར་བ་དང་རྒུན་ཆང་སོགས་ཧྥ་རན་སིའི་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྔར་ལས་མང་བོ་ཀྲུང་གོའི་མང་ཚོགས་ཀྱི་ཟས་ཅོག་སྟེང་ཐོན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་སྤྱི་དམངས་དུས་ཡུན་ཐུང་ངུའི་ནང་ཀྲུང་གོར་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་དུས་ཡུན2025ལོའི་ལོ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་ཐད་བཅད་ཡོད།

མ་འོངས་པར་དམིགས་ནས། ང་ཚོ་ཧྥ་རན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་གཉིས་ཕན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན། ཀྲུང་གོ་དང་ཡོ་རོབ་ནི་སྣེ་མང་རང་བཞིན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། འཛམ་གླིང་ཧྲིལ་བོར་རྒྱབ་སྐྱོར་བྱེད་པའི་ཚོང་ར་ཆེན་པོ་གཉིས། སྣ་མང་རང་བཞིན་གྱི་གྲོས་འགོ་འདོན་པའི་དཔལ་ཡོན་ཆེན་པོ་གཉིས་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངསཀྱི་་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཡང་དག་གི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ཉོ་ཚོང་གནད་དོན་ཆབ་སྲིད་ཅན་དང་། འདུ་ཤེས་འཛིན་སྟངས་ཅན། ཚད་བརྒལ་ཅན་བཅས་སུ་བསྒྱུར་བར་མཉམ་དུ་ངོ་རྒོལ་བྱེད་རྒྱུ་ཡིན། ཡོ་རོབ་ཕྱོགས་ཀྲུང་གོ་ཕྱོགས་དང་མཉམ་དུ་བཟང་ཕྱོགས་སུ་འཕེལ་བ་དང་། གྲོས་མོལ་ལ་བརྟེན་ནས་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་འགལ་བ་སེལ་བ། ཡིད་རྟོན་ལ་བརྟེན་ནས་ཉེན་ཁ་མེད་པར་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་དེ་ཕན་ཚུན་ཉོ་ཚོང་མཉམ་ལས་ཀྱི་གནད་འགག་ཟླ་གྲོགས་དང་། ཚན་རྩལ་མཉམ་ལས་ཀྱི་སྔོན་ཐོན་ཟླ་གྲོགས། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་མཉམ་ལས་ཀྱི་ཡིད་རྟོན་ཟླ་གྲོགས་སུ་འགྱུར་བའི་རེ་ལྟོས་ཆེ། ཀྲུང་གོ་ཕྱོགས་ཀྱིས་རང་བདག་སྒོས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་ཚད་རྒྱ་བསྐྱེད་ནས། ཚོང་ར་སྔར་ལས་ལྷག་པར་སྒོ་འབྱེད་བྱས་ཏེ། ཧྥ་རན་སི་དང་ཡོ་རོབ་གླིང་གི་ཁེ་ལས་འདུས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་སྔར་ལས་མང་བའི་ཚོང་རའི་གོ་སྐབས་འདོན་སྤྲོད་བྱ་ངེས་ཡིན།

མ་འོངས་པར་དམིགས་ནས། ང་ཚོ་ཧྥ་རན་སི་དང་མཉམ་དུ་ལག་རྡང་སྦྲེལ་ནས་འཛམ་གླིང་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུར་འཐད་པ་ཡིན། དེང་སྐབས་འཛམ་གླིང་གི་ཞི་བདེའི་མཚམས་ཐིག་དང་། འཕེལ་རྒྱས་མཚམས་ཐིག བདེ་འཇགས་མཚམས་ཐིག བཅོས་སྐྱོང་མཚམས་ཐིག་བཅས་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཧྥ་རན་སི་དེ་རང་བདག་རང་སྤེལ་གྱི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་པས། འགན་འཁྲི་དང་འོས་འགན་ཕྲག་ཏུ་ལེན་འོས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཏན་འཇགས་རང་བཞིན་གྱི་འབྲེལ་བས་འཛམ་གླིང་གི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་རང་བཞིན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་འཆར་འགོད་དང་ལག་ལེན་དུ་བསྟར་བཞིན་ཡོད་པ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོས་རྒྱ་བསྐྱེད་ཀྱིན་ཡོད་ལ། ཁྲོམ་རའི་ཞུགས་འཐུས་སྔར་ལས་རྒྱ་བསྐྱེད་ནས་ཕྱི་རྒྱལ་གྱི་ཚོང་བ་ཞུགས་འཐུས་ཀྱི་གསལ་ཐོ་མི་ལེགས་པ་ཇེ་ཉུང་དུ་བཏང་ཡོད་ཅིང་། འདིས་ཧྥ་རན་སི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་བར་སྟོང་འདོན་སྤྲོད་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་གྱི་གོ་སྐབས་སྔར་ལས་མང་པོ་མཁོ་འདོན་བྱེད་སྲིད། ཧྥ་རན་སིའི་ཁེ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཟླ་གཉིས་ལྷག་འགོར་རྗེས། ཧྥ་རན་སི་རྒྱལ་ཁབ་ཀྱིས་གཟབ་རྒྱས་ཆེ་བའི་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་བསུ་རྒྱུ་རེད། ཨོ་རྩལ་འགྲན་ཚོགས་ནི་མཐུན་སྒྲིལ་དང་མཛའ་བརྩེའི་མཚོན་རྟགས་ཡིན་ལ། དཔལ་ཡོན་དཔེར་ལེན་གྱི་ཉིང་བཅུད་ཡིན། ང་ཚོས་འབྲེལ་བ་བཙུགས་པའི་ཐོག་མའི་སེམས་འདུན་བརྟན་པོར་སྲུང་བ་དང་སྲོལ་རྒྱུན་གྱི་མཛའ་བརྩེའི་རྒྱུན་བསྲིང་ཞིང་། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ཤུགས་ལྡན་པ་དང་སྔར་ལས་མཐུན་སྒྲིལ་ཆེ་བའི་ཨོ་རྩལ་ཁ་གཡང་ལག་བསྟར་བྱས་ཏེ། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཧྥ་རན་སི་བར་གྱི་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་དགོས་པ་དང་། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་མཉམ་དུ་འབྲི་དགོས་ཞེས་གསུངས།

ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་སོ་སོའི་འཐུས་མི་ཉིས་བརྒྱ་ལྷག་མཇུག་སྒྲིལ་མཛད་སྒོར་ཞུགས།

ཚའེ་ཆི་དང་ཝང་དབྱི་གཉིས་གོང་གི་མཛད་སྒོར་ཞུགས།