ས་དེའི་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཨར་ཀི་ལའེ་ཏི་ནས་གདན་ཞུས་ལྟར་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡི་ལྕམ་མོ་ཐཱ་མ་ལཱ་དང་མཉམ་དུ་སེར་ཝེ་ཡའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱས།
རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ལྕམ་མོས་མཉམ་དུ་ཕུལ་བྱུང་སྤུས་ལེགས་ཀྱི་རི་མོའི་འགྲེམ་སྟོན་ལ་བལྟས། ཕིན་ལིས་ཡོན་གྱིས་བསྟན་དོན། སེར་ཝེ་ཡའི་རྒྱལ་ཁབ་རྟེན་མཛོད་ཁང་གི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཉར་འཇོག་བྱས་པའི་དངོས་པོ་ཕུན་སུམ་ཚོགས་པ་དང་། དཔེ་མཚོན་རི་མོ་དག་གི་པིར་རྩལ་ཞིབ་ཅིང་མཚར་བ་དང་བརྩེ་བའི་མཚོན་མདངས་ཀྱིས་ཕྱུག་ཡོད། རྟེན་མཛོད་ཁང་ནི་རིག་དངོས་ལ་སྲུང་སྐྱོབ་དང་དེ་འགྲེམ་སྟོན་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཤེས་རིག་དར་སྤེལ་གྱི་ཚོམས་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་དཔལ་ཡོན་ལྡན་པའི་འབྲེལ་ཟམ་བསྐྲུན་དགོས།
རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ལྕམ་མོས་མཉམ་དུ་སེར་ཝེ་ཡའི་བུད་མེད་ཀྱི་ལག་བཟོས་འཁལ་འཐག་སོགས་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་ལ་བལྟས་པར་མ་ཟད། ཁོ་མོ་ཚོ་དང་བྱམས་བརྩེའི་ངང་བརྗེ་རེས་བྱས། ཕིན་ལིས་ཡོན་གྱིས་བསྟན་དོན། སེར་ཝེ་ཡའི་ལག་འཐག་རྩལ་ནུས་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་མངོན་གསལ་ལྡན་ལ། གཟུགས་འདས་ཤུལ་བཞག་རིག་གནས་གལ་ཆེན་ཡིན་པས་དེ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱས་འདུག ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་གཙགས་དྲུབ་རིག་གནས་ལ་འདྲ་བའི་ཆ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་ཕན་ཚུན་མིག་དཔེར་བལྟས་ཏེ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་དག་དེའི་ཁྲོད་ཞུགས་པར་སྐུལ་མ་བྱས་ནས་སྲོལ་རྒྱུན་ལག་ཤེས་རྩལ་ནུས་མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ལྕམ་མོས་ད་དུང་སྤྲོ་སེམས་ལྡན་པའི་སྒོ་ནས་སེར་ཝེ་ཡ་རྒྱལ་ཁབ་ཀྱི་ཕྱིང་གྲུག་བཟོ་བར་ཚོད་ལྟ་བྱས་པ་དང་། མཛའ་བརྩེ་དང་སྤྲོ་དགའི་རྣམ་པས་ཁྱབ་འདུག
སེར་ཝེ་ཡའི་རྒྱལ་ཁབ་རྟེན་མཛོད་ཁང་ནི1844ལོར་བཙུགས་པ་དང་རིག་དངོས་འབུམ་བཞི་ལྷག་ཉར་ཚགས་བྱས་ཡོད་ཅིང་། སེར་ཝེ་ཡའི་ཆེས་ཆེ་བ་དང་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་རྟེན་མཛོད་ཁང་ཞིག་ཡིན།
མི་ཕམ་མགོན་པོས་བསྒྱུར།