ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པུའུ་ཏ་ཕེ་སི་རུ། གདན་ཞུས་ལྟར་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་ཡི་ལྕམ་མོ་ནཱ་ཅི་དང་མཉམ་དུ། པུའུ་ཏ་རྒྱལ་པོའི་ཕོ་བྲང་ལ་ལྟ་སྐོར་དང་འབྲེལ་ཏེ་ཇ་ཞོར་གླེང་མོལ་གནང་།
ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པུའུ་ཏ་ཕེ་སི་རུ། གདན་ཞུས་ལྟར་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་ཡི་ལྕམ་མོ་ནཱ་ཅི་དང་མཉམ་དུ། པུའུ་ཏ་རྒྱལ་པོའི་ཕོ་བྲང་ལ་ལྟ་སྐོར་དང་འབྲེལ་ཏེ་ཇ་ཞོར་གླེང་མོལ་གནང་།
ནཱ་ཅི་ཡིས་ཕིན་ལིས་ཡོན་དང་མཉམ་དུ། ཧང་ག་རིའི་ཧའེ་ལན་ཏི་རྫ་ཆས་དང་སྲོལ་རྒྱུན་གཙགས་དྲུབ་ལག་རྩལ་འགྲེམ་སྟོན་ལ་རོལ་མྱོང་མཛད། ཕིན་ལིས་ཡོན་གྱིས་ཧང་ག་རིའི་མཛེས་སྡུག་ལྡན་པའི་རྫ་ཆས་དང་ཕུལ་དུ་བྱུང་བའི་གཙགས་དྲུབ་ལག་རྩལ་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། རྫ་ཆས་དང་གཙགས་དྲུབ་ནི་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀའི་ཤེས་རིག་གི་ཐུན་མོང་མཚོན་རྟགས་ཤིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་སྒྱུ་རྩལ་མཁས་ཅན་ཚོས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། ཤེས་རིག་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
ཕིན་ལིས་ཡོན་དང་ནཱ་ཅི་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་གི་ཧྲིན་དབྱི་ཧྲི་ཐི་ཝན་ཚོམས་ཆེན་ཞིག་གསོའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན། ཕིན་ལིས་ཡོན་གྱིས་ཧང་ག་རིའི་ཆེད་མཁས་པའི་ཞིག་གསོའི་ལག་རྩལ་ཕུལ་དུ་བྱུང་བར་བསྔགས་བརྗོད་གནང་བ་དང་། ཕྱོགས་གཉིས་ཀས་རིག་དངོས་སྲུང་སྐྱོབ་དང་ཞིག་གསོའི་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ལོ་རྒྱུས་དང་རིག་གནས་ཀྱི་ཉིང་བཅུད་སྔར་ལས་རྒྱུན་འཛིན་ཡག་པོ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཕིན་ལིས་ཡོན་དང་ནཱ་ཅི་ཡིས་མཛའ་བརྩེ་ཟབ་མོའི་སྒོ་ནས་ཇ་ཞོར་གླེང་མོལ་གནང་། ཕིན་ལིས་ཡོན་གྱིས་ཧང་ག་རི་ནི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། གནས་འདིའི་མི་དམངས་ཚང་མ་མགྲོན་པོར་དགའ་མཁན་འབའ་ཞིག་ཏུ་སྣང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀའི་རིག་གནས་ལ་ཕན་ཚུན་འབྲེལ་བ་ཧ་ཅང་དམ་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མཛའ་བཤེས་ཟབ་མོ་ལྡན་ལ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བར་རྨང་གཞི་བརྟན་པོ་ཡོད་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་རྒྱུན་འཛིན་དང་ཡུན་རིང་སྲ་བརྟན་ཡོང་བའི་རེ་ལྟོས་ཆེ་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།