ཞི་ཅིན་ཕིང་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུའུ་ཏ་ཕེ་སི་རུ། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱིས་མཉམ་དུ་བཤམས་པའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུའུ་ཏ་ཕེ་སི་རུ། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱིས་མཉམ་དུ་བཤམས་པའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

དབྱར་ཀྱི་དུས་འགོར་པུའུ་ཏ་ཕེ་སིའི་ཉི་འོད་ལམ་ལམ་འཚེར་བཞིན་ཡོད་ཅིང་། གནའ་བོའི་བརྗིད་ཉམས་ལྡན་པའི་པུའུ་ཏ་རྒྱལ་པོའི་ཕོ་བྲང་བརྗིད་ཉམས་ལྡན་པའི་ངང་ཀྲོང་ངེར་འགྱིང་ཡོད་ལ། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀའི་རྒྱལ་དར་གྱིས་ཕན་ཚུན་བར་མེད་དུ་བརྒྱན་ནས་འོད་མདངས་ལམ་ལམ་འཕྲོ།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་བཞུགས་སའི་རྒྱལ་ཁབ་སྐུ་མགྲོན་རླངས་འཁོར་རུ་ཁག་ཧང་ག་རིའི་གུས་ཞབས་སྐྱ་དམག་རུ་ཁག་གི་སྲུང་སྐྱོབ་འོག་ཏུ། པུའུ་ཏ་རྒྱལ་པོའི་ཕོ་བྲང་ནང་དུ་དལ་གྱིས་བསྐྱོད་པ་ན། ཙུང་ཐུང་ཧྲུའུ་ཡིའུ་ཁི་བཟའ་ཟླ་གཉིས་དང་ཙུང་ལི་ཨོ་ཨར་པན་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་འགྲོས་མཉམ་པའི་ངང་ཞིབ་བཤེར་སྟེགས་བུའི་སྟེང་ཞབས་ཟུང་འཁོད་པ་ན། དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས། ཞི་ཅིན་ཕིང་གིས་ཧྲུའུ་ཡིའུ་ཁིའི་ཕེབས་རོགས་འོག་ཏུ། རྒྱལ་སྲུང་དམག་གི་གཟབ་སྦྲེང་རུ་ཁག་དང་རྟ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་བཟའ་ཟླ་གཉིས་ཀྱིས་ལག་འཇུ་བྱས་ནས་ཕན་ཚུན་འཚམས་འདྲི་གནང་།

དགའ་བསུ་ཞུ་བའི་མཛད་སྒོ་གྲོལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་ཀྱིས་ཙུང་ཐུང་ཧྲུའུ་ཡིའུ་ཁི་བཟའ་ཟླ་གཉིས་དང་ཙུང་ལི་ཨོ་ཨར་པན་བཟའ་ཟླ་གཉིས་དང་བྱམས་བརྩེའི་ངང་ཞལ་གྱེས་གནང་བ་དང་། རྗེས་ཕྱོགས་ཡང་བསྐྱར་མཇལ་འཛོམས་གནང་ནས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་འབྱུང་འགྱུར་མཉམ་འབྲི་གནང་བའི་དུས་བཅད་བྱས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།