ཀྲའོ་ལི་ཅི་ཡིས་ཧི་ནན་དུ་རྟོག་ཞིབ་གནང་།
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།   རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས7ནས་ཚེས10ཉིན་བར་ཧི་ནན་དུ་བྱ་བར་རྟོག་ཞིབ་གནང་།  ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།   ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ།  མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་ནུས་དང་འགན་འཁྲི་ལ་གཞི་ཚུགས་པ། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་བསྡུ་རུབ་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དང་གོང་སྤེལ་བྱས་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ5པའི་ཚེས7ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིརྒྱུན་ཨུ།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧི་ནན་དུ་བརྟག་ཞིབ་གནང་། འདི་ནི་ཟླ5པའི་ཚེས8ཉིན། ཀྲའོ་ལི་ཅི་ཡིས་ཧི་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ལུའུ་དབྱི་རྫོང་ཐའེ་ཆིང་ཀུང་གྲོང་རྡལ་ཧོའུ་ཧྲོང་སྡེ་བར་རྟོག་ཞིབ་མཛདད་སྐབས་ཞིང་པའི་ཁྱིམ་ཚང་ལ་འཚམས་འདྲི་མཛད་པའི་ཚུལ་རེད།  

ཀྲའོ་ལི་ཅི་སྔ་གཞུག་ཏུ་ཀྲོའུ་ཁོའུ་དང་།  ཞུས་ཁྲང་།  ཀྲེང་ཀྲོའུ་སོགས་སུ་རྟོག་ཞིབ་གནང་བར་ཕེབས་ནས་སྡེ་ཁུལ་དང་ཁེ་ལས། ཚན་ཞིབ་སྡེ་ཁག ཞིང་སྡེ་དང་ཞིང་ཁྱིམ་བཅས་སུ་ཕེབས་ནས།  མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་གནང་། ཁོང་གིས་ས་གནས་ཀྱི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་ཏང་ཨུས་ཏང་ཀྲུང་དབྱང་གི་སྲིད་དོན་ཆེན་པོ་དང་བྱེད་ཕྱོགས་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས།  ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ནས། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཏན་ཏིག་གིས་སྤེལ་ཏེ། ས་ཁུལ་དེའི་བཅོས་སྒྱུར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་གསུངས། ཧི་ནན་ཞིང་ཆེན་འཐུས་མིའི་འབྲེལ་གཏུག་སྤྱི་ཁྱབ་ས་ཚིགས་དང་ཞུས་ཁྲང་གྲོང་ཁྱེར་ཅན་ཨན་ཆུའུ་ཞིན་ཡོན་སྲང་ལམ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་སུ།  ཀྲའོ་ལི་ཅི་ཡིས་འཐུས་མིས་འགན་འཁྲི་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས།  མི་དམངས་མང་ཚོགས་ལ་སློབ་སྦྱོང་བྱས་ཏེ་རང་རྟོགས་ཀྱིས་དམངས་ལ་ཐབས་ཇུས་དང་དགོས་མཁོ་འདྲི་བ་དང་། བྱ་བ་ཡོད་ན་གྲོས་བསྡུར་མང་ཙམ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འདོད་བློ་མཚོན་པར་བྱས་ཏེ། མི་དམངས་མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་གཏོང་དགོས། འཐུས་མིས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་མང་ཚོགས་ལ་འབྲེལ་གཏུག་བྱས་ནས་ཞབས་འདེགས་ཞུ་དགོས་ན། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་འཛུགས་སྐྱོང་ལ་ཟུང་འབྲེལ་བྱས་ཏེ་དེའི་ཁྲོད་དུ་འདྲེས་པར་བྱེད་དགོས་ཞེས་གསུངས།

 འདི་ནི་ཟླ5པའི་ཚེས8ཉིན།  ཀྲའོ་ལི་ཅི་ཡིས་ཧི་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཕུའུ་ཀོའུ་རྫོང་གི་ཚད་གཞི་མཐོ་བའི་ཞིང་ཁའི་དཔེ་སྟོན་ཁུལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།   

 ཀྲའོ་ལི་ཅི་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ལ་རྟོག་ཞིབ་གནང་བར་ཕེབས་ནས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་མཛད་པར་མ་ཟད། བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།  ཁོང་གིས་ནན་གྱིས་བསྟན་དོན།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་རྩ་བའི་ངོ་བོ་ཡིན་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བྱ་བས་དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་བསྡུ་རུབ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དང་དར་སྤེལ་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཁྱོན་ཡོངས་ཁྱབ་འཛིན་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོན་པོས་གཅིག་གྱུར་ཡོང་བར་ཁག་ཐེག་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། སྔར་ཡོད་ཀྱི་ལམ་སྲོལ་དང་བྱེད་སྟངས་བེད་སྤྱོད་ཡག་པོ་བྱེད་པ་དང་མཉམ་དུ་དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་གཞིགས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་དམངས་ཀྱི་འདོད་བློ་མཚོན་པའི་སྟེགས་བུ་དང་གཞི་རྟེན་འཛུགས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས།  ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གནས་ཚུལ་གསལ་པོར་རྟོགས་པ་དང་མི་དམངས་མང་ཚོགས་ཀྱི་བསམ་པ་དང་རེ་འདུན་རྟོགས་པར་བྱེད་དགོས། འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་རྒྱ་ཁྱབ་ཏུ་ཉན་པ་དང་། འཐུས་མིའི་ཆེད་ལས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་དགོས།  ནན་ཏན་གྱིས་གསེད་བཀྲོལ་དང་ཕྱོགས་བསྡུས་། དབྱེ་ཞིབ། བསམ་གཞིགས་བཅས་བྱས་ཏེ་མང་ཚོགས་ཀྱིས་བཏོན་པའི་ཡོངས་ཁྱབ་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་འགག་རྩ་བཙལ་ནས་ཁ་གཏད་འཇལ་ཐབས་འདོན་དགོས། བསམ་འཆར་དང་གྲོས་གཞི་ཞིབ་འཇུག་བསྡུ་ལེན་དང་ཚུར་ལན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། དམངས་ཀྱི་བློ་གྲོས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཁྲོད་མཚོན་པར་བྱེད་པ་དང་།  འབྲེལ་ཡོད་ཀྱི་གྲོས་གཞི་གྲོས་ཞིབ་གཏམ་བཤད་ཁྲོད་མཚོན་པར་བྱས་ཏེ།  བཅའ་ཁྲིམས་དང་ལམ་ལུགས་ཀྱི་ངོས་ནས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་མཛད་པའི་རིང་དུ་ཀྲའོ་ལི་ཅི་ད་དུང་རྨ་ཆུའི་རྟེན་མཛོད་ཁང་སོགས་སུ་ཕེབས་ནས།  རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།

གཡང་འབུམ་རྒྱལ་གྱིས་བསྒྱུར།