ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་།
2024.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་།   ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་བྱ་རྒྱུ་དེ་སློབ་གསོའི་བྱ་བའི་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཏང་གིས་བསམ་བློའི་སློབ་ཁྲིད་འཛུགས་སྐྲུན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་སྔར་ལས་འབུར་དུ་དོད་པ།    བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་རྣམས་སློབ་གསོ་ལ་དགའ་སྤྲོ་དང་སློབ་གསོ་ལ་བློ་རྩེ་གཅིག་སྒྲིམ་གྱིས་མི་གསོ་སྐྱོང་བྱེད་པའི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་པ།    རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི“ཡིད་ཆེས་བཞི”མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་།    བསམ་པའི་རྣམ་པར་སྟོབས་ཤུགས་འཕེལ་བ།    བསམ་བློའི་ཆབ་སྲིད་སློབ་ཚན་འཕེལ་རྒྱས་གཏོང་བའི་ཁོར་ཡུག་དང་སྐྱེ་ཁམས་ཧྲིལ་པོའི་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་ལ་འགྱུར་ལྡོག་བྱུང་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་ཐད་གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས།     དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།    ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།    ཀུན་སྤྱོད་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་དང་ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲོག་ཤིང་དུ་འཛིན་པའི་སློབ་ཚན་སློབ་དེབ་མ་ལག་འཛུགས་སྐྲུན་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ནང་དོན་གྱི་འདེགས་སྐྱོར་དུ་འཛིན་པ་དང་།    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས།    སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་སྟོབས་ཤུགས་ཀྱི་རྨང་གཞིར་འཛིན་པ་དང་།    གནས་ལུགས་གཏིང་ཟབ་དང་གསལ་བོ། གསོན་ཤུགས་ལྡན་པར་བཤད་ནས།   བདེན་སྲུང་གསར་སྐྲུན་གྱིས་བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་གྱི་ནང་དོན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།     ནུས་ཤུགས་ཡོད་རྒུས་ཆབ་སྲིད་སྟོབས་ལྡན་དང་བརྩེ་སེམས་ཟབ་པ།    བསམ་གཞིགས་གསར་པ།    མཐོང་རྒྱ་ཆེ་བ།    རང་གཅུན་དམ་པ།    མི་གཤིས་དྲང་པོ་བཅས་ཀྱི་བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་བྱ་རྒྱུ་དེ་གྲོས་རིམ་གལ་ཆེན་དུ་འཇོག་དགོས་པ་དང་།    རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རང་རྟོགས་ཀྱིས་གཙོ་འགན་འཁུར་ནས་དུས་རབས་གསར་པའི་བསམ་བློའི་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཏེ། ཧུར་ཐག་གིས་ཏང་བློ་བདེ་བ་དང་རྒྱལ་གཅེས་ལེགས་འབུལ།    མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས།

དུས་རབས་གསར་པའི་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་སྐུལ་སྤེལ་གྲོས་ཚོགས་ཟླ5པའི་ཚེས11ཉིན་པེ་ཅིང་དུ་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཏིན་ཞུའེ་ཞང་གིས་གསུང་བཤད་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་འཐབ་ཇུས་ཀྱི་ངོ་བོ།  དམངས་ཚིས་ངོ་བོ་བཅས་དམ་འཛིན་ནན་མོ་བྱས་ནས། བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གིས་སློབ་གསོའི་བྱ་བར་འགོ་ཁྲིད་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། དུས་རབས་གསར་པའི་ཏང་གི་གསར་སྐྲུན་གཞུང་ལུགས་ཁྲིད་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་རླབས་ཆེན་ལག་ལེན་ལ་རྐང་བཙུགས་ནས། མུ་མཐུད་དུ་བསམ་བློའི་ཆབ་སྲིད་སློབ་ཚན་བཅོས་སྒྱུར་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་ལས་དོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྗེས་འཛིན་པ་ཡོད་པར་ཁག་ཐེག་བྱ་དགོས།

ཏིན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སློབ་གསོའི་འགན་འཁྲིར་དམ་པོར་དམིགས་ནས། བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་དང་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་བསམ་བློའི་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲོག་ཤིང་ནང་དོན་དུ་འཛིན་པའི་སློབ་ཚན་སློབ་དེབ་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་སེམས་སུ་འཇགས་པར་སྐུལ་འདེད་གཏོང་དགོས།     དུས་རབས་གསར་པའི་རླབས་ཆེན་གྲུབ་འབྲས་ཀྱི་སློབ་གསོ་དང་སྐུལ་སློང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    བསམ་བློའི་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།    དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་བཤད་ནས། སློབ་མས་ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་གྱི་ལག་ལེན་གྱི་སྟོབས་ཤུགས་རྟོགས་པར་ཁྲིད་སྟོན་བཅས་བྱ་དགོས།     “བསམ་བློའི་ཆབ་སྲིད་སློབ་ཚན་ཆེན་པོ”ལ་བརྟེན་ནས་ཕྱོགས་ཡོངས་ནས་མི་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱ་བསྐྱེད་དེ། བསམ་བློའི་ཆབ་སྲིད་སློབ་ཚན་ཆུང་གྲས་དང་སྤྱི་ཚོགས་སློབ་ཚན་ཆེ་གྲས་ཟུང་འབྲེལ་བྱས་ཏེ། སློབ་མས་རྒྱལ་ཁབ་ཀྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་སྔར་ལས་ལེགས་པོ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།     སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སློབ་ཚན་ཇུས་འགོད་ཀྱི་དམིགས་ཚད་རིམ་པ་རེ་རེ་བཞིན་མཐོ་རུ་བཏང་ནས་སློབ་མའི་བསམ་བློ་དང་སློབ་སྦྱོང་། འཚོ་བའི་དོན་དངོས་དང་ཉེ་བར་བཅར་ཏེ། སློབ་མ་ཉན་རྒྱུར་དགའ་པོ་དང་སློབ་སྦྱོང་ལ་དགའ་བ་དང་གོ་བ་ལེན་ཐུབ་པར་བྱེད་དགོས།     བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    སློབ་ཁྲིད་སྔོན་ལ་ལག་བསྟར་བྱེད་པའི་གདེང་འཇོག་མ་ལག་ཆ་ཚང་ཡིན་པ་འབུར་དུ་བཏོན་ནས། དགེ་རྒན་གྱི་གོ་གནས་དང་གླ་ཕོགས་ཀྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་བྱ་བ་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་རིག་དངོས་ཅུའུ།    པེ་ཅིན་གྲོང་ཁྱེར།   ཧྥུའུ་ཅན་ཞིང་ཆེན།    ཀྲུང་གོའི་མི་དམངས་སློབ་ཆེན།    ཧྥུའུ་ཏན་སློབ་ཆེན།    ཏུང་པའེ་དགེ་ཐོན་སློབ་ཆེན་ཁོངས་གཏོགས་སློབ་འབྲིང་།    ཁྲང་ཧྲ་གྲོང་ཁྱེར་ཡུས་དབྱིན་སློབ་ཆུང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས།

ལིས་ཀན་ཅེ་དང་ལི་ཧྲུའུ་ལེ་གྲོས་ཚོགས་སུ་ཞུགས།

ཀྲུང་དབྱང་སློབ་གསོའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་།    ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས།    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་།    བསམ་བློའི་ཆབ་སྲིད་སློབ་ཚན་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་སོགས་གྲོས་ཚོགས་སུ་ཞུགས།

ཚོགས་འདུ་མ་འཚོགས་སྔོན། ཏིན་ཞུའེ་ཞང་པེ་ཅིང་ཚན་རྩལ་སློབ་ཆེན་དང་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བརྒྱ་དང་ང་དགུ་པར་ཕེབས་ནས་རྟོག་ཞིབ་གནང་བ་དང་། བསམ་བློའི་ཆབ་སྲིད་སློབ་ཚན་གྱི་དྲ་ཐོག་དང་ཡུལ་དངོས་མཉམ་བསྲེས་ཀྱི་སློབ་ཚན་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།    བསམ་བློའི་ཆབ་སྲིད་སློབ་ཚན་གྱི་ཡུལ་དངོས་སུ་ཕེབས་ནས་སློབ་ཁྲིད་ཉན་པ་མ་ཟད།    དགེ་རྒན་དང་སློབ་མའི་བར་བསམ་བློ་བརྗེ་རེས་གནང་།

ཤ་བོ་རིན་མཚོས་བསྒྱུར།