ཟླ5པའི་ཚེས11ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ལ་ཁྲིམས་ལྟར་ཞིབ་བཤེར་བྱས།
ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་འགྱུར་ལྡོག་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འབྲེལ་ཡོད་འདེམས་བསྐོའི་ལས་ཁུངས་ཀྱིས་གསབ་འདེམ་བྱས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དྲུག་གི་འཐུས་མིའི་ཐོབ་ཐང་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་བཞིའི་ཐོབ་ཐང་བཀོལ་མཚམས་འཇོག་པ་སོགས་ཀྱི་བྱ་བ་སྣ་ཚོགས་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་པར་མ་ཟད། ཞིབ་བཤེར་གནས་ཚུལ་ལྟར་འཐུས་མིའི་ཐོབ་ཐང་ཞིབ་བཤེར་གྱི་སྙན་ཞུ་གྲུབ་པར་བྱས།
འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་གྱུར་གྱིས་བལྟས་ན། འབྲེལ་ཡོད་འདེམས་བསྐོའི་ལས་ཁུངས་ཀྱི་འཐུས་མི་རེ་འགའི་བྱ་བའི་དགོངས་ཞུ་དང་གསབ་འདེམ་བྱ་བ་དེ་ཁྲིམས་ལུགས་ཀྱི་གཏན་འབེབས་དང་མཐུན། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་འཆར་ཟིན་དེ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་འཆམ་བྱུང་།
ལྷ་མོ་འཚོས་བསྒྱུར།