ཟླ5པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་སྐབས་བཅུ་བཞི་པའི་ཞིང་ཆེན་དྲ་རྒྱའི་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་རང་ཞིང་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་ཆ་འཕྲིན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་ཡོད། དེ་སློབ་སྦྱོང་བྱས་ནས་གོ་བ་ནན་ཏན་ལེན་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་དང་གནས་པའི་གནད་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ཤིང་། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས། ལས་བྱེད་པས་ལས་ལ་འབད་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི་ལག་ལེན་ཁྲོད་འཇོན་ཐང་དངོས་སྦྱོང་བརྡར་བྱས་ཏེ། དུས་རབས་གསར་པའི་དྲ་རྒྱའི་ཆ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བས་ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་བརླིང་གི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པས། ཚད་མཐའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་བློ་བདེ་བག་ཕེབས་མི་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས། རང་འགུལ་ངང་འགན་འཁུར་ཏེ་དྲ་རྒྱའི་ཆ་འཕྲིན་བྱ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། གླེང་ཕྱོགས་ལ་ཁ་གཏད་འཇལ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དུས་ཚོད་དང་ཕན་འབྲས་དམ་འཛིན་བྱེད་པ། གླེང་ཕྱོགས་ཀྱི་གནས་ཚུལ་དང་འཕེལ་ཕྱོགས་ལ་དོ་ཁུར་བྱེད་པ། ཐུན་མོང་གི་བརྩེ་སེམས་བསྐྱེད་པ་བཅས་བྱས་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སྤྲད་དེ་དྲ་རྒྱའི་གླེང་ཕྱོགས“མགྱོགས་པ་དང་བརྟན་པ། ཡང་དག་པ། བཟང་བ་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་གྱི་ཁ་ཕྱོགས་ཡང་དག་བཙལ་ནས་གཙོ་རྒྱུན་གླེང་ཕྱོགས་རྒྱུན་མ་ཆད་པར་སྟོབས་ཆེར་བཏང་སྟེ། དུས་རྒྱུན་དུ་འབད་བརྩོན་བྱས་ཏེ་དམངས་སེམས་ལ་དམིགས་ནས་བརྗོད་བྱ་འཚོལ་བ་དང་། སྐབས་དོན་གྱི་རྗེས་སུ་སྙེག་ནས་གཙོ་གནད་དམ་འཛིན་བྱེད་པ། མང་ཚོགས་དང་ཉེ་བར་བཅར་ནས་མཉམ་འགུལ་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་པ་དང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དྲང་ཕྱོགས་ཀྱི་ནུས་ཤུགས་ཆེན་པོ་ཐོན་ཐུབ་པར་བྱེད་དགོས། དྲ་རྒྱའི་བདེ་འཇགས་ཉེན་ཁ་སྔོན་འགོག་ཡག་པོ་བྱས་ནས་དྲ་རྒྱའི་བདེ་འཇགས་འདུ་ཤེས་སྔར་ལས་ཇེ་ཆེར་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ། མི་མངོན་པའི་ཉེན་ཁ་གྲལ་བཤེར་བྱེད་པ། དྲ་རྒྱའི་བདེ་འཇགས་འགོག་སྲུང་འཛིང་རགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཆ་འཕྲིན་ཅན་གྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྲིད་གཞུང་གི་གཞི་གྲངས་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པ་བཅས་བྱས་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་འདོགས་དགོས། དྲ་རྒྱའི་ཆ་འཕྲིན་བྱ་བའི་འགན་འཁྲི་སྲ་བརྟན་དུ་བཏང་ནས་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གི་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བཀོད་འདོམས་དང་ལམ་སྲོལ་སྔ་མོ་ནས་འཐུས་ཚང་དུ་བཏང་སྟེ་མུ་མཐུད་དུ་ཤུགས་ཆེན་པོ་བཏོན་ནས་ཞན་ཆ་གསབ་པ་དང་། སྐྱོན་ཆ་བཀག་སྟེ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་དགོས་པར་མ་ཟད། དྲ་རྒྱའི་ཆ་འཕྲིན་བྱ་བ་ལེགས་པོར་སྒྲུབ་དགོས།
ཚོགས་འདུ་མ་འཚོགས་པའི་སྡོན་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་། དྲ་རྒྱའི་གླེང་ཕྱོགས་ལྟེ་གནས་སུ་སོང་ནས་བརྟག་ཞིབ་བྱས་པར་མ་ཟད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས།
ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཏཱ་ནན་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ། ལིས་ཧུང་ཡ་བཅས་ཚོགས་འདུར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།