ཟླ5པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཡུལ་སྲོལ་གསར་སྒྱུར་གྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཡུལ་སྲོལ་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། དུས་རབས་ཀྱི་ཁྱད་ཆོས་གསར་བ་ཧུར་ཐག་གིས་སྐྱེད་སྲིང་བྱེད་པ་བཅས་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་ལ་ཤུགས་སྣོན་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཞིང་སྡེའི་ཡུལ་སྲོལ་དཔལ་ཡོན་དར་སྤེལ་གཏོང་བ་དང་། གཉེན་སྟོན་གསར་སྒྲུབ་དང་འདས་མཆོད་སྟབས་བདེ་བསྒྲུབ་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་ཉམས་མྱོང་ལེགས་ཤོས་དང་བྱེད་ཐབས་བཟང་པོར་ནན་ཏན་སྒོས་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཡུལ་སྲོལ་གསར་སྒྱུར་གྱི་སྤྱིའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་ལག་བསྟར་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་སྟེང་། ཞིང་སྡེའི་ཡུལ་སྲོལ་གསར་སྒྱུར་གྱི་བྱ་བ་གཙོ་བོ་རྒྱུན་མཐུད་སྒོས་གཏིང་ཟབ་དུ་སྤེལ་དགོས། དྲིལ་སྒྲོག་དམ་འཛིན་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་དེ་དུས་རབས་གསར་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་གསར་བའི་སྟེང་སྣེ་ཁྲིད་བྱེད་དགོས། དམངས་ཚིས་ལ་ཞབས་འདེགས་ཞུས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཡུལ་སྲོལ་གསར་སྒྱུར་བཅོས་སྒྱུར་གྱི་རེ་བ་གསར་བར་དུས་ཐོག་ཏུ་ཨ་ལན་སྤྲོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། འགན་སྲུང་ལེགས་པོར་བསྒྲུབ་ནས་སྣ་མང་ཅན་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུས་མང་ཚོགས་ཀྱི་རེ་འདོད་ཚིམ་པར་བྱེད་དགོས། དཔེ་མཚོན་བདམས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་སྡེའི་ཡུལ་སྲོལ་གོམས་གཤིས་བྱ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས། ཁྲིམས་འཛིན། དམངས་སྲིད། ཞིང་ལས་ཞིང་སྡེ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་རྫོང་ཁག་གཅིག་གི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྟ་ཐང་རྫོང་ལ་སོང་ནས་ཞིང་སྡེའི་ཡུལ་སྲོལ་གསར་སྒྱུར་གྱི་ཉམས་མྱོང་དང་བྱེད་ཐབས་ལ་ཡུལ་དངོས་ནས་ལྟ་སྦྱོང་བྱས།
ལྷ་མོ་འཚོས་བསྒྱུར།